ཨ་རིའི་ཙུང་ཐུང་པའེ་ཏེང་གིས་རང་གི་བུ་བཙོན་གྲོལ་གཏོང་རྒྱུ་ཡིན་ཞེས་བསྒྲགས།
| 2024-12-03 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཟླ་12ཚེས་1ཉིན་ཁོ་རང་གི་བུ་ཧེང་ཐེ་པའེ་ཏེང་བཙོན་གྲོལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། དེའི་སྔོན་དུ་པའེ་ཏེང་གིས་སྲིད་འཛིན་དབང་ཆ་སྤྱད་དེ་ཁོ་རང་གི་བུ་གུ་ཡངས་གཏོང་བའམ་ཆད་པ་ཡང་དུ་གཏོང་རྒྱུ་མིན་ཞེས་ཐེངས་མང་བཤད་མྱོང་ཡོད་པ་རེད།
པའེ་ཏེང་གིས་གསལ་བསྒྲགས་ཤིག་གི་ནང་དུ། ཧེང་ཐེ་ལ་དྲང་བདེན་མིན་པའི་ལྟ་སྟངས་འཛིན་ཡོད་ཅིང་དེ་ནི་ཐོབ་ཐང་གི་རྐྱེན་གྱིས་ཁོ་ལ་ལྟ་ཚུལ་ཁྱད་པར་བ་འཛིན་ཡོད་པ་བསྟན། པའེ་ཏེང་གིས་ད་དུང་རྒྱལ་ཚོགས་ཁྲོད་ཀྱི་ཆབ་སྲིད་འགྲན་ཟླའི་ཕྱོགས་ཀྱིས་ཧེང་ཐེ་ལ་རྐང་བཙུགས་ནས་སྐྱོན་འདོན་ཞུ་གཏུག་བྱས་པའི་ཐད་སྐྱོན་བརྗོད་བྱས་པ་དང་ཁོང་གིས་དེ་ནི་རང་ཉིད་ལ་རྒོལ་བ་ཡིན་པ་དང་ཁོ་འདེམས་བསྐོ་ལ་ཞུགས་པར་ངོ་རྒོལ་བྱས་པའི་ཆེད་དུ་ཡིན་པ་བཤད། པའེ་ཏེང་གིས་ད་དུང་ང་རང་ནི་ཙུང་ཐུང་ཞིག་ཡིན་པ་མ་ཟད་ཕ་ཞིག་ཡིན་པའི་ངོས་ནས་ཐག་གཅོད་དེ་འདྲ་བྱེད་དོན་ཨ་རིའི་སྤྱི་དམངས་ཀྱིས་བསམ་ཤེས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། ད་ལོའི་ཟླ་6པར་ཧེང་ཐེ་པའེ་ཏེང་གིས་2018ལོར་དུག་ནག་འཐེན་པའི་གནས་ཚུལ་སྦ་གསང་བྱས་ཏེ་མེ་མདའ་ཉོས་པའི་ཉེས་པ་གཏན་འཁེལ་བྱས་པ་དེ་ནི་ཨ་རིའི་ལོ་རྒྱུས་ཐོག་ཙུང་ཐུང་གི་འགན་འཁུར་བའི་རིང་ལ་ཁོའི་བུ་ཕྲུག་ལ་ཉེས་པ་གཏན་འཁེལ་བྱས་ཐེངས་དང་པོ་དེ་ཡིན་པ་རེད། དེའི་སྔོན་གྱི་ཉིན་རེའི་གྲོས་རིམ་ལྟར་ན། ཟླ་12ཚེས་12ཉིན་རྒྱལ་ཕྲན་མཉམ་འབྲེལ་གྱི་མེ་མདའི་ཉེས་མིང་ལས་ཁོ་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པར་མ་ཟད། ཟླ་12ཚེས་16ཉིན་གྱོད་གཞི་གཞན་ཞིག་གི་དོན་དུ་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་རེད། གཞན་ད་དུང་དེའི་སྔོན་ཧེང་ཐེ་ཡིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲལ་གཡོལ་ཞུ་གཏུག་ཁག་9ལ་རང་ཉེས་ངོས་ལེན་བྱས་ཡོད།
ཚེས་1ཉིན་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་འཕྲིན་སྦྱོར་ཐོག་ད་ལྟའི་ཙུང་ཐུང་པའེ་ཏེང་གིས་ཁོ་རང་གི་བུ་ཧེང་ཐེ་བཙོན་གྲོལ་བཏང་བ་དེ་ནི་ཁྲིམས་འཛིན་དབང་ཆ་བྱུང་རྒྱལ་དུ་སྤྱོད་པ་ཞིག་རེད་ཅེས་བཤད།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




