ང་ཚོས་ཅིའི་ཕྱིར་དེ་རིང་གི་ཉིན་མོ་དུས་གཏན་དུ་ཡིད་ལ་འཛིན་དགོས།
| 2024-12-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་མཆོད་ནི་རྒྱལ་ཁབ་ཀྱི་གུས་སྲོལ་ཡིན།
༢༠༡༤ལོར།
རང་རྒྱལ་གྱིས་བཅའ་ཁྲིམས་བཙུགས་པ་ལ་བརྟེན་ནས།
ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དེ་
ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་ཚེ་སྲོག་ཤོར་མཁན་ལ་
མྱ་ངན་ཞུ་བའི་རྒྱལ་ཁབ་སྤྱི་མཆོད་ཉིན་མོར་གཏན་འཁེལ་བྱས།
རྒྱལ་ཁབ་ཀྱི་སྤྱི་མཆོད་ལས་ན་ཟུག་མཚོན་ཡོད།
ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དེ་
བརྗེད་མི་རུང་བའི་ཐུན་མོང་གི་ཕྱིར་དྲན་ཡིན།
ནན་ཅིན་གྱི་ན་ཟུག་དེ་
གྲོང་ཁྱེར་གཅིག་གི་སྐྱོ་གར་དང་གནོད་འཚེ་ཡིན་པར་མ་ཟད།
རྒྱལ་ཁབ་ཅིག་གི་གྱོང་གུན་དང་མི་རིགས་ཤིག་གི་ན་ཟུག་ཡིན་ལ།
མིའི་རིགས་ཀྱི་ཆགས་འཇིག་དང་དཔལ་ཡོན་གྱི་ངོ་ཚ་རེད།
ལོ་རྒྱུས་ནི་བསླབ་དེབ་ལེགས་ཤོས་དང་
ལེགས་ཉེས་འབྱེད་པའི་སྨན་མཆོག་ཡིན།
དེ་རིང་།
ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་ཚེ་སྲོག་ཤོར་མཁན་ལ་
མྱ་ངན་ཞུ་བའི་རྒྱལ་ཁབ་སྤྱི་མཆོད་
ཉིན་མོ་ཐེངས་བཅུ་གཅིག་པ་རེད།
འདས་པོ་རྣམས་ལ་མཆོད་པ་འབུལ།
རྒྱལ་ཁབ་བདེ་ཞིང་སྐྱིད་པར་སྨོན།
གཤིན་པོ་ཚོ་ཕྱི་མའི་ཡུལ་ལ་ཕེབས།
རྗེས་རབས་ཚོ་མདུན་སྐྱོད་ལམ་ལ་ཆས།




