པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་འགུལ་གནོད་ཐེབས་ས་ཁུལ་ལ་བསྔོ་བ་སྨོན་ལམ་གསུངས།
| 2025-01-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཞིན་ཧྭ་གསར་འགྱུར་དྲ་བ་ལྟར་ན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ཚད་རིམ་༦.༨ཅན་གྱི་ས་འགུལ་བྱུང་རྗེས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་བསྔོ་བ་སྨོན་ལམ་གསུངས་ཤིང་སྐྱབས་འཇུག་ཐེངས་མང་མཛད།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་དགེ་འདུན་པའི་ཚོགས་དང་བཅས་པས ༼དགའ་ལྡན་ལྷ་བརྒྱ་མ།༽དང་།༼བཟང་སྤྱོད་སྨོན་ལམ།༽༼ སྤྱོད་འཇུག་སྨོན་ལམ།༽༼བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ།༽༼ སངས་རྒྱས་བསྟན་འབར་མ། ༽སོགས་གསུངས་ནས་ས་འགུལ་ཁྲོད་ཚེ་ལས་འདས་པ་དག་ལ་བསྔོ་སྨོན་དང་། ས་འགུལ་བྱུང་སའི་སེམས་ཅན་ཐམས་ཅད་སྔ་ཙམ་ནས་གནོད་འཚེ་ལས་ཐར་ཞིང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པ་དང་། རྒྱལ་བདེ་དམངས་བདེ་ཡོང་བ། ཆར་ཆུ་དུས་སུ་འབབ་པའི་ཐུགས་སྐྱེད་སྨོན་ལམ་མཛད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




