ཧྥ་རན་སིའི་ཙུང་ཐུང་ཟུར་པ་འདི་ལ་ཁྲིམས་ཐག་དེ་འདྲ་ཞིག་བཅད་འདུག
| 2024-12-19 来源: | 分享: |

ས་གནས་དེ་གའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཧྥ་རན་སིའི་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ཉི་ཀུའུ་ལ་ས་ཁོ་ཆིའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞིར་མཐའ་མའི་ཁྲུན་ཐག་བཅད་དེ། ས་ཁོ་ཆི་ལ་དུས་བཀག་བཙོན་འཇུག་ལོ་གསུམ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་། དེའི་རིང་ཁོས་བཙོན་ཁང་དུ་ཁྲིམས་ཆད་འཁུར་མི་དགོས་པར་གློག་རྡུལ་ལག་གདུབ་འདོགས་རྒྱུ་ཡིན་པ་རེད།
ས་ཁོ་ཆིས་༢༠༠༧ལོ་ནས་༢༠༡༢ལོའི་བར་ཧྥ་རན་སིའི་ཙུང་ཐུང་གི་འགན་བཞེས། ཉེ་བའི་ལོ་འགའི་རིང་ལ། ཁོ་གཏུག་བཤེར་གྱི་ནང་དུ་ཚུད། ད་ལོའི་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཧྥ་རན་སེའི་ཙུང་ཐུང་ཟུར་པ་ས་ཁོ་ཆིས་༢༠༡༢ལོའི་འདེམས་བསྐོ་ཆེ་མོའི་རིང་གི་འདེམས་བསྐོའི་མ་དངུལ་ཁྲིམས་འགལ་ངང་སྤྱད་པའི་ཉེས་མིང་གཏན་འཁེལ་བྱས་ནས་བཙོན་འཇུག་ལོ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། དེའི་ནང་གི་ཟླ་བ་དྲུག་ནི་ཉེས་ཆད་ཕྱིར་འགྱངས་ཡིན་པ་དང་ཟླ་བ་དྲུག་ནི་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་ཀྱི་ཡོད། གཞན་ཡང་། ས་ཁོ་ཆིར་༢༠༠༧ལོའི་ཙུང་ཐུང་འདེམས་བསྐོའི་ནང་། སྐབས་དེའི་ལི་པི་ཡའི་ཁ་ཀྲ་ཧྥེའི་སྲིད་གཞུང་གི་མ་དངུལ་ཁྲིམས་འགལ་ངང་དང་ལེན་བྱས་པའི་ཞུ་གཏུག་ཕོག་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།




