དེ་རིང་ནི་དྭངས་གསལ་དུས་ཚིགས་རེད།
| 2025-04-04 来源:ཤམ་བྷ་ལའི་ཆ་འཕྲིན། | 分享: |
དྭངས་གསལ་དུས་ཚིགས།
ཏུའུ་མུའུ། ༼ཐང་རྒྱལ་རབས༽
དྭངས་གསལ་དུས་ལ་ཟིམ་ཟིམ་ཆར་བ་འབབ། །
གང་འགྲོའི་མི་རྣམས་ལྷང་ལྷང་སྐྱོ་བས་མནར། །
བདུད་རྩི་ཆང་གི་གསོལ་ཁང་འདྲི་བའི་ཚེ།
ཕྱུགས་རྫི་བུ་ལོས་མཛུབ་མོ་གྲོང་ལ་གཏད། །


དྭངས་གསལ་དུས་ཚིགས་ནི་རང་རྒྱལ་གྱི་དུས་གཟེར་ཉེར་བཞིའི་གྲས་ཤིག་ཡིན་པར་མ་ཟད། ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་བཞི་ཡི་ཡ་གྱལ་ཡང་རེད། ཉིས་སྟོང་དྲུག་ལོར་དྭངས་གསལ་དུས་ཚིགས་ནི་རང་རྒྱལ་གྱི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་ཅིང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཆེད་དུ། ཉིས་སྟོང་བརྒྱད་ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་གཏན་འཁེལ་བྱས་པའི་ངལ་གསོའི་ཉིན་མོར་གྱུར་པ་རེད།

དྭངས་གསལ་དུས་ཚིགས་འདི་ལ་དུར་ས་གཙང་མར་ཕྱག་ནས་མེས་པོར་མཆོད་འབུལ་བྱེད་པ་དང་། སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བ། འདས་པོ་གཉེན་ཉེ་རྗེས་དྲན་ཞུ་བ་སོགས་ཀྱི་སྲོལ་ཡོད་པར་མ་ཟད། དུས་ཚིགས་འདི་དང་བསྡོངས་ནས་ཕྱི་རོལ་གྱི་རང་བྱུང་ཁམས་ལ་འཆམ་འཆམ་དུ་འགྲོ་བ་དང་། སྡོང་བོ་འཛུགས་པ། ཤོག་བྱ་གཏོང་བ། གླང་ཆེན་ས་བཤགས་ཀྱི་འགྲན་བསྡུར་སྤེལ་བ་སོགས་ས་གནས་སོ་སོའི་ཁྱད་ཆོས་ལྡན་པའི་བྱ་འགུལ་སྣ་ཚོགས་སྤེལ་བའི་སྲོལ་ཡང་ཡོད།

དྲན་པའི་གདུང་བ་ཟབ་མོའི་མཚོ་ཁ་ན། ། འདི་ཕྱིའི་སྨོན་ལམ་རླབས་ཕྲེང་མཁའ་ལ་འཕྱོ། ། དྭངས་གསལ་དུས་ཚིགས་ལ་ཚེ་ལས་འདས་པ་རྣམས་ཞི་བར་གནས་པ་དང་། ཚེ་དང་ལྡན་པ་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།





