ཧུའུ་སའེ་དྲག་སྤྲས་ཀྱིས་ཨི་རན་དང་མཉམ་དུ་ཨི་ཟི་རེལ་ལ་འཇབ་རྒོལ་བྱས།
| 2025-06-16 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ས་གནས་དེ་གའི་དུས་ཚོད་ཚེས་བཅོ་ལྔ་ཉིན་ཡེ་མེན་ཧུའུ་སའེ་དྲག་སྤྲས་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས་འདས་ཟིན་པའི་ཆུ་ཚོད་༢༤ནང་ཧུའུ་སའེ་དྲག་སྤྲས་ཀྱིས་ཕ་ལེ་སི་ཐན་-༢དབྱིབས་ཀྱི་མྱུར་ཚད་འཕུར་མདེལ་སྤྱད་དེ་ཨི་ཟི་རེལ་གྱི་ཐེ་ལ་ཝེ་ཧྥུའི་དམིགས་འབེན་མང་པོ་ཞིག་ལ་འཇབ་རྒོལ་བྱས་པ་མ་ཟད་དམིགས་འབེན་ལ་ཡོངས་སུ་ཕོག་ཐུབ་ཡོད་ཅེས་བཤད། ཧུའུ་སའེ་དྲག་སྤྲས་ཀྱིས་ད་དུང་གོང་གསལ་གྱི་བྱ་སྤྱོད་དེ་ཨི་རན་གྱི་དམག་དཔུང་དང་ཨི་རན་དབྱི་སི་ལན་གསར་བརྗེའི་སྲུང་དམག་གཉིས་དང་མཉམ་འབྲེལ་སྒོས་སྤེལ་ཡོད་པ་བཤད་ཀྱང་། ཨི་ཟི་རེལ་ཕྱོགས་ནས་དེའི་ཐད་འགྲེལ་བཤད་གང་ཡང་བྱས་མེད་པ་རེད།
关键词 >>




