རྔ་བ་ཁུལ་ཁྱུང་ཆུ་རྫོང་གིས་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་བྱས་ནས་སྐྱེ་ཁམས་དམངས་ཕྱུག་གི་ལམ་བུ་གསར་པ་གཏོད་པ།
| 2025-12-24 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་མགོ་སླེབས་དུས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྱུང་ཆུ་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་ཚད་ལྡན་ཅན་གྱི་ཕྱུགས་རའི་ནང་དུ་ནུས་ཚད་མཐོ་བའི་གཟན་ཆག་ལས་སྣོན་འཕྲུལ་ཆས་དང་། གྲལ་འགྲིག་པའི་གཟན་རྩྭ་གསོག་འཇོག་ཁང་བཅས་ཀྱིས་དེང་རབས་རྩྭ་ཐང་ཕྱུགས་ལས་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། སྔོན་ཆད་རྩྭ་ཆུ་བསྙེགས་ནས་འཚོ་བའི་སྲོལ་རྒྱུན་ཕྱུགས་འཚོ་ཐབས་ལམ་ནས་རིམ་བཞིན་ཚན་རྩལ་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་རྣམ་པར་བསྒྱུར།

ལུང་ཟི་གྲོང་རྡལ་འབྲི་གཡག་ཚད་ལྡན་ཅན་གསོ་སྤེལ་རྟེན་གཞི་རུ་ཨར་འདམ་ལམ་གླིང་ཁུལ་དུ་ཤར་གཏོང་བྱས་པ་དང་། ཟུར་གཉིས་ཀྱི་ཕྱུགས་ར་ནང་གི་རྨེ་བ་འབྲི་གཡག་གིས་གསོས་དལ་ངང་གཟན་རྩྭ་ཟ་བཞིན་ཡོད། གཟན་རྩྭ་སྲུབ་དཀྲུག་འཕྲུལ་ཆས་གོ་རིམ་ལྡན་པའི་ངང་ཡར་མར་རྒྱུ་བཞིན་ཡོད། སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད།
སྔོན་ཆད་དུས་ཚིགས་བཞི་ལ་ཕྱུགས་འཚོ་བཞིན་ཡོད། ད་ལྟ་དབྱར་དུས་ཕྱུགས་འཚོ་བ་དང་དགུན་དུས་ཕྱུགས་ར་ནང་ནས་ཕྱུགས་འགོག་པ་མ་ཟད། ཚན་རྩལ་ཞབས་ཞུ་དང་ཉེན་འགོག་འགན་སྲུང་བཀོད་སྒྲིག་བྱས་ཞེས་ཁྱུང་ཆུ་རྫོང་གཡག་ཞིང་ལས་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དཔོན་ཚང·འཇམ་དཔལ་རྡོ་རྗེ་ཡིས་ངོ་སྤྲོད་ལྟར་ན། ཆེད་མཁས་མི་སྣས་ཡང་ནས་བསྐྱར་དུ་གཟན་ཆག་སྒྲིག་སྟངས་ལེགས་སྒྲིག་བྱས་པས། དུས་ཐུང་གི་ཉིན90ནས120ལ་ཚོན་པོར་གསོས་པས། འབྲི་གཡག་རེ་རེ་ཆ་སྙོམས་ཀྱིས་རྒྱ་མ150ལས་བརྒལ།
འགྱུར་ལྡོག་དེ་ལུང་ཟི་གྲོང་རྡལ་གཅིག་པུ་ནས་བྱུང་བ་མིན། 2022ལོར་ཕྱོགས་ཡོངས་ནས་ཕྱུགས་ལས་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བྱས་པའི་ཚུན། ཁྱུང་ཆུ་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཏང་སྟེ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་མུའུ་ཁྲི30བྱས་པ་དང་། སྤུས་ལེགས་གཟན་རྩྭ་ཐོན་སྐྱེད་རྟེན་གཞི11དང་འབྲི་གཡག་ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་རྟེན་གཞི20 ། གནོད་འགོག་གནོད་འཁྲི་གཟན་རྩྭ་གསོག་འཇོག་མཁོ་འདོན་རྟེན་གཞི11སྐྲུན་ནས། དུས་ཐོག་ཏུ་རྩྭ་ལས་སྔོན་འགྲོ་དང་ཚད་ལྡན་གསོ་སྤེལ་གྱི་དེང་རབས་ཕྱུགས་ལས་མ་ལག་སྐྲུན།
ཐོན་སྐྱེད་ཐབས་ལམ་རྣམ་པ་སྒྱུར་བ་དེས་འབྲི་གཡག་ཅི་ལྟར་གསོ་བའི་གནད་དོན་ཐག་གིད་བཅད་པ་དང་། ཕྱིར་འཚོང་ལམ་བུ་ཅི་ལྟར་ཤར་གཏོང་དང་། ཁྲོམ་ར་དང་ཅི་ལྟར་སྦྲེལ་མཐུད་བྱེད་པ་ནི་ཐོན་ལས་སྦྲེལ་ཐག་རྒྱུན་སྲིང་བྱེད་པའི་གནད་འགག་ཡིན།

གསོ་སྤེལ་ཤེས་པའི་མི་མང་ཡང་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པའི་མི་ཤིན་ཏུ་ཉུང་ཞེས་དཔོན་ཚང·འཇམ་དཔལ་རྡོ་རྗེ་ཡིས་དེ་ལྟར་བཤད། ཁྲོམ་ར་བརྟན་བརླིང་བཏང་ན་འབྲོག་མི་དང་ཁེ་ལས་ཀྱིས་ད་གཟོད་སེམས་བདེ་བའི་ངང་གསོ་སྤེལ་གཞི་ཁྱོན་ཆེ་རུ་གཏོང་བ་རེད། རྟེན་གཞི་དེས་ཕྱིར་འཚོང་གིས་ཐོན་སྐྱེད་གཏན་ཁེལ་བྱེད་པའི་དཔེ་དབྱིབས་ཀྱིས་སྔོན་ན་མངག་ཐོ་སྦྲེལ་མཐུད་བྱེད་པ་དང་། དེ་ནས་གསོ་སྤེལ་གངས་ཀ་གཏན་ཁེལ་བྱེད་པ། རྗེས་སུ་གསོས་པའི་འབྲི་གཡག་བཤས་ཁོངས་སུ་གཏོང་བ་རེད། མིག་སྔར། རྟེན་གཞི་དང་ཚོང་འགུག་ནང་འདྲེན་གྱི་མཐོ་སྒང་པིན་པིན་ཀུང་སི་ཡིས་མཐུན་སྦྱོར་གཏིང་ཟབ་བརྒྱུད། ན་ནིང་གི་ཟླ10བ་ནས་ད་ལྟའི་བར་དུ་འབྲི་གཡག་མགོ་གྲངས1000ལྷག་མཁོ་འདོན་བྱས་པ་དང་། གནས་བབ་དང་བསྟུན་ནས་ཚོན་པོར་གསོ་བ་དང་ཉེ་སར་ལས་སྣོན་གྱི་ཕྱིར་འཚོང་ཐོན་ལས་དང་སྦྲེལ་མཐུད་བྱས།
ཁྱུང་ཆུ་རྫོང་གིས་རིམ་བཞིན་གཞི་ཁྱོན་ཆེ་བས་རྟེན་གཞི་ཆུང་ངུ་ལ་སྣེ་ཁྲིད་པ་དང་། རྟེན་གཞི་ཆུང་ངུས་ཁྱིམ་ཚང་འབྲོག་ར་དང་མཉམ་འགུལ་བྱེད་པའི་གསོ་སྤེལ་རྣམ་པ་བཀོད་སྒྲིག་བྱས་ཏེ་ཁྱིམ་ཚང་གི་སྐྱེ་ཁམས་འབྲོག་ར638གསོ་སྐྱོང་བྱས། ཁེ་ལས+ཁྱིམ་ཚང་འབྲོག་ར+གྲོང་གསེབ་ཐུན་མོང+འབྲོག་མི་ཡི་མཉམ་ལས་ལམ་ལུགས་བཙུགས་པས། ཁ་ཐོར་གྱི་གསོ་སྤེལ་ཚན་པ་སྐྱེ་ལྡན་ངང་གཅིག་སྡུད་བརྒྱུད་ཐོན་ལས་སྦྲེལ་ཐག་ནང་བཞག་པ་རེད། རྟེན་གཞི་ནི་འབྲེལ་ཐག་བྱས་ནས་སྟོད་རྒྱུད་ཀྱི་འབྲོག་མི་དང་སྨད་རྒྱུད་ཀྱི་ཁྲོམ་ར་དང་མཐུད་པ་དང་། དེས་འབྲི་གཡག་བརྟན་བརླིང་ངང་མཁོ་འདོན་བྱས་པ་མ་ཟད། ཁྱིམ་ཚང་འབྲོག་ར་ཚད་ལྡན་ཅན་དུ་གྱུར།
ཐོན་ལས་སྦྲེལ་ཐག་གི་རྒྱུན་སྲིང་མཚམས་ཆད་པ་མ་ཡིན་པར། ལོ་ལྔའི་འཆར་གཞི་བཅུ་བཞི་ཚུན་ཀྲུའུ་ཅང་ཞིང་ཆེན་ཡོན་ཅ་རྫོང་གིས་བསྡོམས་པས་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་བཏང་སྟེ། ཁྱུང་ཆུ་རྫོང་གིས་གཟན་རྩྭ་རྟེན་གཞི་དང་ཚད་ལྡན་ཅན་གྱི་གསོ་སྤཻལ་ར་བ། ལས་སྣོན་གཏིང་ཟབ་བྱེད་པའི་ལས་གཞི་ལག་བསྟར་བྱེད་པར་རམ་འདེགས་བྱས། གཞན་ཡང་གཡག་བརྗོད་དོན་གཙོ་བོའི་ཟ་ཁང་དང་འབྲི་གཡག་རིག་གནས་ཁང་སོགས་ཀྱི་འདཻགས་སྐྱོར་ལ་བརྟེན་ནས་ཧུང་ཡོན་འབྲི་གཡག་ཐོན་ལས་ཤར་ཕྱོགས་ཁྲོམ་རར་བསྐྱོད་པར་སྐུལ་འདེད་བཏང་། མིག་སྔའི་བར་དུ་འཛད་སྤྱོད་རོགས་སྐྱོར་གྱིས་ཁྱུང་ཆུ་རྫོང་གི་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་དངུལ་གྲངས་སྒོར་ཁྲི5000ཟིན་པས། སྐམ་ཤ་ཧང་ཡོན་ནས་ཀྲུའུ་ཅང་མང་ཚོགས་ཀྱི་གསོལ་ལྕོག་ཐོག་སྐྱེལ་བ་མངོན་འགྱུར་བྱུང་།
ད་ལོར། ང་ཚོས་ཁ་གཏད་རོགས་དངུལ་སྒོར་ཁྲི1355བཏང་སྟེ། གཙོ་བོ་འབྲི་གཡག་ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་འཛུགས་སྐྲུན་ཐད་སྤྱད་དེ་ཧུང་ཡོན་ཕྱུགས་ལས་དེང་རབས་ཅན་ལ་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ཁྱུང་ཆུ་རྫོང་ཨུའི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཞི་ཁེ་ཡིས་དེ་ལྟར་བཤད། ཁ་གཏད་རོགས་སྐྱོར་གྱིས་རྒྱུན་མཐུད་ངང་ཧུང་ཡོན་རྩྭ་ཐང་ཕྱུགས་ལས་སྤུས་འདེགས་ནུས་སྤེལ་ལམ་བུ་ནང་བསྐྱོད་པར་ཤུགས་བརྒྱབ་པ་རེད།
འབྲི་གཡག་ཅིག་གི་ཐོན་འཕར་ནས་རྫོང་ཁོངས་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་གྲུབ་པ། དེ་ནས་རྩྭ་ཐང་སྐྱེ་ཁམས་ཀྱི་སྤྱི་ཁོག་ལེགས་སྒྲིག་བར། ཀྲེ་ཅང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ཁ་གཏད་རོགས་སྐྱོར་འོག ཁྱུང་ཆུ་རྫོང་གིས་མྱུར་ཏུ་ཕྱུགས་ལས་དེང་རབས་ཅན་དང་ལེགས་བསྡུས་ཞིབ་བཤེར་ཅན་དུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པ་འབབ་འཕར་མཐུན་སྦྱོར་མཉམ་རྒྱལ་མངོན་འགྱུར་བྱུང་བར་འབད་པ་བྱས། འཆར་འགོད་ལྟར་ན། ཁྱུང་ཆུ་རྫོང་གིས“2027ལོར་ཞིང་ཆེན་ཡོངས་ཙམ་མ་ཟད་རྒྱལ་ཡོངས་ཀྱི་རྩྭ་ཕྱུགས་འབྲོག་ལས་ཚུལ་སྒྱུར་རིམ་སྤོ་དཔེ་སྟོན་རྫོང་བསྐྲུན་པ་དམིགས་འབེན་དུ་བྱས་ནས། མཐོ་སྒང་འབྲོག་ཁུལ་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱ་རྒྱུ་རེད། །




