ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱས་ནས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འདུ་ཚོགས་ལ་རམ་འདེགས་བྱེད།
| 2023-04-26 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་ཉེར་ལྔ་ཉིན། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འདུ་ཚོགས་ཀྱིས་ཐོན་རྫས་གསར་པ་ཁྱབ་བསྒྲགས་དང་འགྲེམ་སྟོན་ཐོག་མར་བྱེད་པའི་བྱེད་སྒོ་ཉེར་གཅིག་སྤེལ་ཞིང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཆེད་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འདུ་ཚོགས་ཀྱིས་འགྲེམ་ཁུལ་ཚང་མའི་ནང་དུ་ཤེས་བྱའི་ཐོན་དབང་དང་ཉོ་ཚོང་འགལ་བ་ཞུ་གཏུག་སྣེ་ལེན་ས་ཚིགས་ཐེངས་དང་པོ་བཙུགས།
ཞུ་གཏུག་སྣེ་ལེན་ས་ཚིགས་ནང་ཡུལ་དངོས་ནས་ཤེས་བྱའི་ཐོན་དབང་དང་ཉོ་ཚོང་འགལ་བའི་སྐོར་གྱི་ཞུ་གཏུག་དང་ལེན་བྱེད་རྒྱུ་རེད། དེ་མིན་འགྲེམ་སྟོན་ཚོང་པས་ད་རུང་ཐེངས་དང་པོར་སྤྱོད་པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འདུ་ཚོགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་ཉོ་ཚོང་འགལ་བ་ཐག་གཅོད་མ་ལག་སྤྱད་དེ། དྲྭ་ཐོག་ཞུ་གཏུག་བྱས་ནས་དབང་ཆ་སྲུང་སྐྱོང་བྱེད་ཆོག
ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འདུ་ཚོགས་ནང་ཤེས་བྱའི་ཐོན་དབང་གི་ཁྲིམས་བསྟར་དང་། ཡང་ན་ཞིབ་བཤེར་ཆེད་ལས་མི་སྣ་བརྒྱད་ཅུ་ལྷག་རྩ་འཛུགས་བྱས་ནས་ནང་ཞུགས་བྱས་ཏེ།ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་རམ་འདེགས་བྱས་ཤིང་ཚོང་གཉེར་གྱི་ཁོར་ཡུག་ཡག་མོ་བསྐྲུན་ཡོད།




