英文藏文APP W020161009565839193236.jpg | 微信 111111111.jpg

གསོན་ཉམས་ལྡན་པའི་ཀྲུང་གོ

2024-02-19 来源:ཤམ་བྷ་ལ་ཆ་འཕྲིན། 作者: 分享:

  འབྲུག་ལོའི་དཔྱིད་གསར་དུས་ཆེན་རིང་ལ་རང་རྒྱལ་འཛད་སྤྱོད་ཚོང་རར་ཚོང་བྲིན་པོ་བྱུང་ཡོད། གྲོང་ཡུལ་ཚོང་རའི་མཁོ་འདོན་ཕུན་སུམ་ཚོགས་ཤིང་། མེས་རྒྱལ་གྱི་ལྷོ་བྱང་དུ་མི་རབ་རྒྱས་ཏེ། ལོ་གསར་སྐབས་སུ་འཛད་སྤྱོད་ཀྱི་མཚོ་རླབས་འཕྱུར་བས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་དང་བྱུུང་བཞིན་ཡོད་པར་མངོན།

  ད་ལོའི་དཔྱིད་གསར་གུང་གསེང་རིང་། མི་ཐེངས་དུང་ཕྱུར་ཉེར་གསུམ་ལྷག་ས་ཁོངས་བརྒལ་ནས་འགྲུལ་བཞུད་བྱས་པས་ འཛད་སྤྱོད་ཐད་ལ་འཛེམ་པ་མེད་པའི་ཚོང་རའི་གསོན་ཤུགས་རྒྱས་ཡོད།ཚེས་བཅོ་བརྒྱད་ཉིན། ཚོང་དོན་པུའུ་ཡིས་ཁྱབ་བསྒྲགས་གཞི་གྲངས་ལས་མངོན་པ་ལྟར་ན། དཔྱིད་གསར་གུང་གསེང་རིང་། རྒྱལ་ཡོངས་སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཕྱིར་འཚོང་ཚད་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་ཚེག་ལྔ་འཕར་ཡོད་ལ། ཀྲུང་གོ་མི་དམངས་དངུལ་ཁང་གི་གཞི་གྲངས་ལས་མངོན་པ་ལྟར་ན། དྲྭ་འབྲེལ་རྩིས་རྒྱག་སྤྱི་གཉེར་ཁང་དང་ཀྲུང་གོའི་དངུལ་ཁང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བསྟར་བྱས་པའི་ལས་རིགས་ཡོངས་ཀྱི་དྲ་བས་གཏོང་སྤྲོད་ཉོ་ཚོང་མངོན་གསལ་འཕར་ཡོད།  གནམ་གང་ནས་ལོ་སར་ཚེས་བརྒྱད་བར། ཆ་སྙོམས་ཉིན་རེར་ཉོ་ཚོང་བྱེད་ཚད་དུང་ཕྱུར་ཉེར་དྲུག་བྱེ་བ་གསུམ་ལ་ཟིན་ཞིང་།སྒོར་དུང་ཕྱུར་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ལ་ཟིན་པས། ན་ནིང་གི་ལོ་སར་དང་བསྡུར་ན། ཆ་སྙོམས་ཉིན་རེར་སོ་སོ་ནས་བརྒྱ་ཆའི་བཅོ་བརྒྱད་ཚེག་དྲུག་དང་བརྒྱ་ཆའི་བརྒྱད་འཕར་ཡོད་པ་རེད།

  ཕྱོགས་གཅིག་ནས་འཛད་སྤྱོད་ཀྱི་མཁོ་འདོན་དང་འབྲེལ་ཡོད་ལ། ཕྱོགས་གཞན་ཞིག་དགོས་མཁོ་ལ་ཐུག་ཡོད་པ་དེས། དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ནུས་པ་གལ་ཆེ་ཞིག་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བྱེད་གཙོ་བོའང་ཡིན། ད་ལོའི་ལོ་གསར་སྔོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐན་ཅིང་དུ་རྟོག་ཞིབ་གནང་དུས། གནའ་བོའི་རིག་གནས་སྲང་ལམ་གྱི་ཚོང་རྟགས་གྲགས་ཅན་གྱི་ཁྱད་ལྡན་ཚོང་ཁང་དུ་སོང་ནས། ཚོང་ར་ལ་གཟིགས་ཞིབ་དང་འཚོང་གཉེར་ལ་སྐོར་དྲི་བ་གནང་ཐོག ས་གནས་ཁག་གིས་ལོ་གསར་རིང་དམངས་འཚོ་ཚོང་རྫས་ཐོན་སྐྱེད་དང་ཕྱིར་འཚོང་མཁོ་འདོན་འགན་སྲུང་ཡག་པོ་བྱས་ནས། རྒྱ་ཆེ་བའི་མང་ཚོགས་ལ་བློ་བདེ་མོས་ལོངས་སུ་སྤྱོད་ཆོག་པ་དང་ལོ་གསར་སྐྱིད་པོ་ཞིག་གཏོང་འཇུག་དགོས་པའི་བླང་བྱ་བཏོན།

  དཔྱིད་གསར་གུང་གསེང་རིང་། ཐན་ཅིང་གནའ་བོའི་རིག་གནས་སྲང་ལམ་གྱི་ཚོང་རའི་ཐོག་ཆ་སྙོམས་ཉིན་རེར་འགྲུལ་པ་མི་གྲངས་ཉིས་འབུམ་བཞི་ཁྲི་སྣེ་ལེན་བྱས་ཤིང་། ཆ་སྙོམས་ཉིན་རེར་ཚོང་སྒོར་བྱེ་བ་གཉིས་ས་ཡ་གཅིག་ལ་ཟིན། དབྱང་ལིའུ་ཆིང་གི་གསར་གཏོད་པང་ལེབ་ཐོག་བྲིས་པའི་ལོ་སར་རི་མོར་ཡུལ་སྐོར་བ་མང་པོས་དངོས་སུ་བྲིས་ཚོར་བྱས་པས། ཉིན་རེར་རི་མོ་སུམ་བརྒྱ་ལྷག་བཙོང་ཐུབ་པ་རེད། ཀའོ་རེན་ཀྲང་གིས་བཏོན་པའི་ཀུན་གྱི་དགའ་བསུ་ཐོབ་པའི་ཐུམ་འདྲེས་དེ་ཚོང་རའི་ཐོག་ཐོན་མ་ཐག་བཙོང་ཚར་བ་རེད། 

  ད་ལོའི་དཔྱིད་སར་གུང་གསེང་རིང་། འཛད་སྤྱོད་རྒྱ་བསྐྱེད་དང་སྤུས་གཙང་རིམ་སྤར་མངོན་གསལ་བྱུང་ཡོད། ཚོང་དོན་པུའུ་ཡི་གཞི་གྲངས་ཆེན་མོར་ལྟར་ན། དཔྱིད་སར་དུས་ཆེན་རིང་།གནམ་གང་དགོང་ཟས་དང་། གཉེན་གྲོགས་ལྷན་འཛོམས་གསོལ་སྟོན་ཐད་ཀྱི་བཟའ་བཅའ་ལས་རིགས་ལ་ཚོང་བྲིན་ཞིང་། ལྟ་ཞིབ་བཟའ་བཅའ་ཁེ་ལས་གཙོ་བོའི་བསིལ་འཚོང་སྔ་ལོ་ལས་བརྒྱ་ཆའི་བཅུ་བདུན་ཙམ་འཕར། འབྲུག་གི་རྒྱུ་ཆ་དང་ཀྲུང་ལུགས་གྱོན་ཆས་དང་ཞྭ། ལྷམ་སོགས་འཚོང་ཚད་ལྡབ་ལོག་འཕར་ཡོད། རྒྱལ་གྱི་སྲོལ་གཤིས་ཉམས་འགྱུར་ཐོན་རྗས་ཐད་ཁྱད་ཆོས་མངོན་གསལ་ཐོན། རྫོང་ཁོངས་ཁྲོམ་རའི་ནང་། རྒྱལ་ཐོན་པང་ཕྱིས་ཆས་དང་། ཕོར་འཁྲུད་ཆས་སོགས་རིག་ནུས་ཁྱིམ་ཆས་ཐོན་རྫས་བསིལ་འཚོང་ཚད་བརྒྱ་ཆའི་དྲུག་ཅུ་ཡན་འཕར། གངས་འཁྱགས་འཛད་སྤྱོད་དང་རིག་གནས་ལུས་རྩལ་འཛད་སྤྱོད་ལ་དགའ་བསུ་ཆེན་པོ་ཐོབ། 

  ཀྲུང་གོའི་སྤོས་འཕྲིན་ཝུའུ་ཐུང་གཞི་གྲངས་ཆེན་མོ་ལས་གསལ་བར་ལྟར་ན། ད་ལོའི་དཔྱིད་སར་གུང་གསེང་རིང་། རྒྱལ་ཡོངས་ཚོང་ར་ཆེན་པོ་ཁག་གི་འགྲུལ་པ་མི་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་ལྔར་ཟིན་པས། སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་འཕར། ཕྱི་ནས་ཡོང་བའི་འགྲུལ་པ ་ཇེ་མང་དུ་ཕྱིན། ཧྲང་ཧའེ་ཅིན་ཨན་ཚོང་ར་སོགས་ཚོང་ར་སོ་ལྔས་བརྗོད་བྱ་གཙོ་བོའི་བྱེད་སྒོ་བཞི་བརྒྱ་ལྷག་སྤེལ་ཞིང་། ལོ་གསར་སྐུབས་སུ། གྲོང་ཁྱེར་ཡོངས་ཀྱི་ཡུལ་དངོས་དང་དྲྭ་ཐོག་གི་བསིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་ལྔ་བརྒྱ་རེ་དགུར་ཟིན། 

  ཁྲོམ་ལམ་རྙིང་པར་རྣམ་པ་གསར་པ་མངོན་ཏེ། ཧོ་ནན་ཀྲེན་ཀྲོའུ་རུ། མི་སེར་ཚོས་བརྗེད་པ་དཀའ་བའི་ སྣུམ་འགྱུར་བཟོ་གྲྭའི་གསར་གཏོད་སྤེལ་ཁུལ་གྱི་འཁོར་ཁང་རྙིང་པའི་ནང་། སྲོལ་རྒྱུན་གྱི་སིལ་ཟས་ཟ་ཆོག་པར་མ་ཟད། གཏམ་བརྗོད་ཟློས་གར་ལ་ལྟད་མོ་ལྟ་ཆོག་ལ།  ད་ལོའི་དཔྱིད་གསར་དུས་ཆེན་རིང་། ཀྲེང་ཀྲོའུ་ཡིས་ཁྱད་ལྡན་ཚོང་ལས་ཁྲོམ་ལམ་ཉེར་གཅིག་གི་ཚོང་གཉེར་བསྡོམས་འབོར་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་འཕར། 

  ད་ལོའི་ལོ་གསར་ནང་། མི་རྣམས་ཐག་རིང་སྤྱོད་ཅིང་འཆམ་ཡུན་རིང་། འགྲོ་འོང་སྟེགས་བུས་མངག་ཐོ་གཞི་གྲངས་ལ་དབྱེ་ཞིབ་བྱས་པར་ལྟར་ན། གུང་གསེང་རིང་། མི་ཕྱེད་ཀ་ལྷག་གིས་ཞིང་ཆེན་བརྒལ་ནས་ཡུལ་སྐོར་ལོ་སར་བཏང་ཞིང་། དེའི་ནང་གི་བརྒྱ་ཆའ་སུམ་ཅུ་ཡན་གྱིས་ས་ཆ་གཉིས་ཡན་བརྒལ་ནས་ཡུལ་སྐོར་སྤྲོ་འཆམ་བྱས་ཤིང་། ཀྲུང་གོའི་ཡུལ་སྐོར་བ་ཕྱི་རྒྱལ་བསྐྱོད་དེ་འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་ཆིག་སྟོང་བདུན་བརྒྱར་ཁྱབ། རང་གཤིས་ཅན་གྱི་ཡུལ་སྐོར་དང་འཛད་སྤྱོད་གཏན་ཁེལ་བྱེད་རྒྱུ་དེ་དར་སྲོལ་གསར་པར་ཆགས་ཡོད། ཧྲན་ཞིའི་མཛེས་ཁུལ་དུ་འཁྲབ་སྟོན་ལ་ལྟ་འགྲོ་ན། ཡུལ་སྐོར་བས་ལྟད་མོ་ལྟ་ཞོར་འཁྲབ་སྟོན་པ་ཡང་བྱེད་ཆོག མྱོང་ཚོར་གསར་པ་འདིས་འཁྲབ་སྟོན་ཡོང་འབབ་སྒོར་དུང་ཕྱུར་ཟིན་ཞིང་། སི་ཁྲོན་གྱིས་རྒྱ་ཁོག་རིག་གནས་དང་ཁྱད་ལྡན་ལྗོངས་གཟིགས་གཉིས་ཟུང་འབྲེལ་བྱས་ནས། ཁྱད་ལྡན་བཟའ་བཅའ་འཛད་སྤྱོད་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ལོ་གསར་སྐབས་སུ། ཐེང་ཝང་གོ་མཛེས་ཁུལ་གྱི་གླིང་ག་བྱང་མ་ཡིས་སྤྱི་དམངས་ལ་སྒོ་ཕྱེ་ཞིང་། པིང་ཅང་ཆུ་ལམ་བརྒྱུད་ནས་འགྲུལ་པས་ཐད་ཀར་གྲོང་ཁུལ་རྙིང་པའི་ཚོང་ཁང་ལ་སླེབས་ཐུབ། 

  འཛད་སྤྱོད་ལས་རྣམ་གསར་པའི་ལས་གནས་གསར་པ་བཏོན་ཡོད་དེ། གསར་དར་ལས་རིགས་ཁག་ཅིག་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་བཞིན་འདུག དམངས་སྲོལ་མགྲོན་ཁང་གི་གཉེར་པ་དང་གངས་ཤུད་རྩལ་ཁྲིད་པའི་དགོས་མཁོ་ཆེན་པོ་འདུག ཧ་ཨར་པིན་གྱིས་གསར་དུ་བཏོན་པའི་པར་ལེན་རྟེན་གཞིའི་ནང་། ཆ་བྱད་ཇུས་འགོད་པ་དང་ཡུལ་སྐོར་པར་ལེན་མཁན་ཚོ་བྲེལ་བ་ཆེན་པོ་ཤར་བཞིན་འདུག

  དགའ་སྤྲོས་ཁེངས་པའི་འབྲུག་ལོའི་ལོ་སར་ལས་ཀྲུང་གོའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ནང་མཁོའི་ཚོང་རའི་ཤུགས་ནུས་མངོན་བཞིནཡོད་པར་མ་ཟད།  ཀྲུང་གོའི་དཔལ་འབྱོར་ཡར་འཕེལ་གྱི་གསོན་ཤུགས་སྔར་ལས་རྒྱས་བཞིན་ཡོད་པར་མངོན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འཕར་ཁྲལ་གྱི་རྟིང་འཛིན་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དཔྱིད་གསར་གུང་གསེང་སྐབས་སུ་རྒྱལ་ཡོངས་ཀྱི་ཞབས་ཞུའི་འཛད་སྤྱོད་འབྲེལ་ཡོད་ལས་རིགས་ཀྱི་ཉིན་རེའི་ཆ་སྙོམས་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ང་གཉིས་ཚེག་གསུམ་འཕར་ཡོད་པས། འཛད་སྤྱོད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་འདུག

  རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཝུན་ཧན་གྱིས། ད་ལོའི་དཔྱིད་གསར་སྐབས་འཛད་སྤྱོད་ཚོང་ར་ཤིན་ཏུ་བྲིན་པས། འཛད་སྤྱོད་འདོན་སྤྲོད་གོང་འཕར་དང་གསར་གཏོད་སྣེ་ཁྲིད་མངོན་གསལ་དོད་ལ། སྤྱི་ཚོགས་ཡོངས་ཀྱི་མཁོ་སྤྲོད་འཁོར་རྒྱུག་ལྟོས་བཅས་ཆུ་ཚད་ཅུང་མཐོ་བའི་ཚད་ལ་སླེབས། འདིས་ད་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཕེལ་འགོ་ཡག་པོ་བཙུགས་པར་རྨང་གཞི་ཅུང་བརྟན་པོ་ཞིག་འདིང་བ་རེད་ཅེས་བཤད།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942