བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱིས་གངས་ཤུད་རི་འཛེག་འགྲན་སྡུར་ལས་གསེར་གྱི་རྟགས་མ་བླངས།
| 2025-02-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་༢པའི་ཚེས་༩ཉིན་གྱི་སྔ་དྲོར། ཨེ་ཤ་ཡའི་དགུན་ཁའི་ལུས་རྩལ་འགྲན་སྡུར་སྟེང་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགྲན་རྒྱུགས་སྤེལ་ཞིང་། ཀྲུང་གོའི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱིས་བུད་མེད་ཐུང་རྒྱུག་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས་ཡོད། ཁོ་མོས་བླངས་པའི་གསེར་གྱི་རྟགས་མ་འདི་ནི་ཨེ་ཤ་ཡའི་དགུན་ཁའི་ལུས་རྩལ་འགྲན་སྡུར་ལས་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་ལོ་རྒྱུས་སྟེང་གི་གསེར་གྱི་རྟགས་མ་ཐོག་མ་དེ་རེད། དེར་མ་ཟད་འགྲན་ཚན་འདི་ལས་ཀྲུང་གོའི་རུ་ཁག་གི་ལུས་རྩལ་པ་ཡུས་ཅིང་ཞོན་གྱིས་དངུལ་གྱི་རྟགས་མ་བླངས་པ་དང་བསོད་ནམས་ཆོས་སྒྲོན་གྱིས་ཟངས་ཀྱི་རྟགས་མ་བླངས་ཡོད། ཁོང་ཚོར་རྟེན་འབྲེལ་ཞུ།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




