英文藏文APP W020161009565839193236.jpg | 微信 111111111.jpg

ཨ་རིའི་གྲོང་ཁྱེར་འདིར་རྒྱུན་མཐུད་ནས་ཟིང་ཆ་དྲག་པོ་ལང་བཞིན་འདུག

2025-06-09 来源:ཤམ་བྷ་ལ་ཆ་འཕྲིན། 作者:措拉 分享:

  ཨ་རིའི་གནས་སྤོས་ཡུལ་མི་དང་འགག་སྒོའི་ཁྲིམས་འཛིན་ཅུའུ(ICE)སོགས་ལས་ཁུངས་ཀྱིས་ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་བཟུང་། ཁྲིམས་འགལ་གནས་སྤོས་ཡུལ་མི་རྣམས་ལ་བཙན་ཤེད་ཀྱིས་གློ་བུར་དུ་འཇབ་རྒོལ་དང་སྔོག་བཤེར་བྱ་སྤྱོད་སྤེལ་རྗེས། རྒོལ་གཏམ་གཏོང་མཁན་གྱིས་ཉིན་གཉིས་ལ་བསྟུད་མར་ལུའོ་ཧྲན་ཅིན་དུ་རྔམ་སྟོན་བྱས་པ་དང་། མི་༡༠༠༠ལྷག་གིས་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་གནས་སའི་ཐོག་ཁང་ཞིག་ལ་བསྐོར་ནས་འཇབ་རྒོལ་བྱས་པ་མ་ཟད། ཉེན་རྟོག་ཕྱོགས་དང་གདོང་ཐུག་བྱུང་ནས་ཚེས་བདུན་ཉིན་བར་མི་༤༠ལྷག་འཛིན་བཟུང་བྱས།  ཕོ་བྲང་དཀར་པོའི་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་སི་ཏི་ཧྥེན་སྨི་ལེར་གྱིས་འདུ་ཚོགས་དེ་དག་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། བྱ་སྤྱོད་འདི་ངོ་ལོག་ཟིང་འཁྲུག་གི་བྱ་སྤྱོད་རེད་ཅེས་བཤད།

  ལུའུ་ཐོའུ་གསར་འགྱུར་ཁང་དང་ཁོ་ལོམ་པི་ཡའི་རླུང་འཕྲིན་སྤྱི་གཉེར་ཁང(CBS)སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་དྲུག་པའི་ཚེས་བདུན་ཉིན་ལུའོ་ཧྲན་ཅི་ཤར་ལྷོའི་ཕྱོགས་ཀྱི་ཕ་ལ་མོང་ཐེ་ས་ཁུལ་དུ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣས་རྒོལ་གཏམ་གཏོང་མཁན་དང་མུ་མཐུད་ཛ་དྲག་གི་ཁ་གཏད་བྱས། རྒོལ་གཏམ་གཏོང་མཁན་ཞིག་གིས་མོ་ཞི་ཁོའི་རྒྱལ་དར་གཡུག་གཡུག་བྱེད་པ་དང་མི་ལ་ལས་དབུགས་འབྱིན་རྔུབ་ཀྱི་གདོང་ཁེབས་གྱོན་ནས་ཁ་སྣ་བཀབ་ཡོད།

ཟིང་ཆ་དྲག་པོ་ལངས།

  ཚེས་དྲུག་ཉིན་ཨ་རིའི་གནས་སྤོས་ཡུལ་མི་དང་འགག་སྒོའི་ཁྲིམས་འཛིན་ཅུས་སོགས་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིས་ཁྲིམས་འཛིན་མི་སྣ་འབོར་ཆེན་བཏང་ནས། ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ལུའོ་ཧྲན་ཅི་རྫོང་གི་ས་ཆ་མང་པོ་ཞིག་ཏུ་ཁྲིམས་འགལ་གནས་སྤོས་ཡུལ་མི་ལ་དམིགས་པའི་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས། ཁྲོམ་གཞུང་དུ་ཁ་གཏད་དང་། ཟང་ཟིང་། གདོང་ཐུག་མང་པོ་ལངས།

  ས་གནས་དེ་གའི་འཕྲིན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲིམས་འཛིན་མི་སྣས་ལུའོ་ཧྲན་ཅི་གྲོང་ཁྱེར་གྱི་ཉུང་མཐར་ཡང་ཉོ་སྒྲུབ་ལྟེ་གནས་དང་བཟོ་གྲྭ་ཚུད་པའི་ས་ཆ་བདུན་ལ་གློ་བུར་བྱ་སྤྱོད་སྤེལ་བ་དང་། ཁྱོན་མི་༤༤འཛིན་བཟུང་བྱས་པ་རེད། བྱ་སྤྱོད་སྤེལ་རིང་ཁྲིམས་འཛིན་མི་སྣར་ས་གནས་དེ་གའི་སྡེ་ཁུལ་གྱི་གྲོང་མིས་བཀག་འགོག་བྱས་ནས་ཞོར་ཐོན་གདོང་ཐུག་རྒྱུན་ཆད་མེད་པར་ཐོན་ཡོད། ཚེས་དྲུག་ཉིན་ཕྱི་ཙམ་ལ་ལུའོ་ཧྲན་ཅི་ཡི་འགོ་འཛིན་ཁ་ལུན་པ་སིས་གསལ་བསྒྲགས་སྤེལ་ནས། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་ལུའོ་ཧྲན་ཅི་རུ་ཁྲིམས་འགལ་གནས་སྤོས་ཡུལ་མི་གང་བྱུང་དུ་འཚོལ་བཤེར་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དེའི་ཐད་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཅེས་བཤད། 图片

ཏང་ཤོག་ཁ་གཏད།

  སྤྱི་མཐུན་ཏང་ནས་ཡོང་བའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཁྲིམས་འགལ་གནས་སྤོས་བྱ་ཡུལ་ལ་རྣམ་འགྱུར་ནན་པོ་འཛིན་པ་སྟེ། ད་ལོའི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་འགན་བཞེས་དུས། ཨ་རིའི་ལྷོ་རྒྱུད་དང་མོ་ཞི་ཁོའི་མཐའ་མཚམས་སུ་རྒྱལ་ཁབ་ཀྱི་ཛ་དྲག་གི་གནས་ཚུལ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། ཁྲིམས་འགལ་སྡོད་མཁན་ཁྲི་ཕྲག་ཕྱིར་བདའ་རྒྱུའི་དམ་བཅའ་བཞག་ཡོད། ཁོང་གིས་ད་དུང་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ལ་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མི་འཚོལ་འཛིན་དང་ཕྱིར་འབུད་བྱ་རྒྱུའི་རེ་བ་བཏོན་པ་རེད།

ཚེས་བདུན་ཉིན་ཐེ་རོན་ཕུའུ་ཡིས་ཁོང་གི་སྤྱི་ཚོགས་འབྲེལ་དྲ་ངོ་མའི་ཐོག གལ་ཏེ་དམངས་གཙོ་ཏང་གི་ཁོངས་མི་ཅ་ཀྲོའུ་ཡི་འགོ་ཁྲིད་ཉིའུ་སེན་དང་ལུའོ་ཧྲན་ཅི་གྲོང་ཁྱེར་གྱི་འགོ་འཛིན་པ་སིས་འགན་འཁྲི་བསྒྲུབ་མི་ཐུབ་པ་དང་། མི་ཚང་མས་ཀྱང་ཁོང་ཚོས་སྒྲུབ་ཐུབ་རྒྱུ་མིན་པ་མཐོང་ན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་དེའི་ནང་ཞུགས་ནས་ཟིང་འཁྲུག་དང་འཕྲོག་བཅོམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད།

图片

ཉིའུ་སེན་གྱིས། ཐེ་རོན་ཕུའུ་ཡིས་རྒྱལ་དམངས་ཉེན་སྲུང་རུ་ཁག་བཀོད་སྒྲིག་བྱ་རྒྱུའི་ཐག་བཅད་པ་ནི་བསམ་བཞིན་དུ་ངན་སྐུལ་བྱེད་པ་ཞིག་ཡིན་པས་དུས་བབ་ཛ་དྲག་ཏུ་འགྲོ་ངེས་རེད་ཅེས་བཤད།

རྒྱལ་སྲུང་འགོ་འཛིན་ཧོ་ཀེ་སའེ་སིས་སྤྱི་ཚོགས་འབྲེལ་འདྲིས་འཕྲིན་སྦྱོར་ཐོག་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་དང་སྒྲིག་བཀོད་ལ་གཏུམ་སྤྱོད་དང་གཏོར་བཤིག་གི་བྱ་སྤྱོད་སྤེལ་བ་དེ་བཟོད་སྒོམ་བྱེད་མི་ཐུབ་པས། རྒྱལ་སྲུང་པུའུ་ཡིས་རྒྱལ་དམངས་ཉེན་སྲུང་རུ་ཁག་ལའོ་ཧྲན་ཅིར་འཕྲལ་མར་སྐྱོད་པར་སྐུལ་སློང་བྱེད་བཞིན་ཡོད་ཅེས་ཐ་ཚིག་བསྒྲགས་ཡོད།  གལ་ཏེ་གཏུམ་སྤྱོད་རྒྱུན་མཐུད་བྱས་ཚེ། ཅ་ཀྲོའུ་ཕེང་ཏེའར་ཏུན་མཚོ་དམག་སྐམ་འཐབ་རུ་ཁག་གི་རྟེན་གཞི་ནས་དངོས་ཞབས་མཚོ་དམག་སྐུལ་སློང་བྱ་རྒྱུ་ཡིན་པ་དང་། ཁོ་ཚོ་ཚད་མཐོའི་ཉེན་ཟོན་གྱི་རྣམ་པར་གནས་ཡོད་ཅེས་བཤད་པ་རེད།

关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942