སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་ཐོབ།
| 2023-06-06 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་འོངས་པར་མིག་རྒྱང་གཟིགས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག་ནས་ཀྲུང་ཧྭའི་ ཤེས་རིག ་གླེང་ཞིང་། ཀྲུང་གོའི་ ཤེས་རིག ་གི་རྟེན་གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཟིགས་ཞིབ་གནང་སྟེ། ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་ཤེས་རིག་ལ་དེང་རབས་ཀྱི་སྟོབས་ཤུགས་བསྣན་ཡོད་ལ། ཀྲུང་ཧྭའི་ཤེས་རིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་ཡོད། ཚང་མས་ཀྲུང་ཧྭའི་མི་རིགས་ བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་རྒྱང་སྐྱོད་གསར་པའི་ཐོག རིག་གནས་ཡིད་ཆེས་བརྟན་པོ་དང་འགན་འཁྲི་ཁུར་ཐུབ་པ། འབད་པ་ལྷོད་མེད་བཅས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་བློ་སྟོབས་རྒྱས་པའི་ཉིང་བཅུད་ལེན་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་རླབས་ཆེའི་ལག་ལེན་ཁྲོད་ནས་བཙོ་སྦྱོང་བྱས་ནས། ཀྲུང་ཧྭའི་ཤེས་རིག་ལ་གསོན་ཉམས་དང་གསོན་ཤུགས་གསར་པ་རྒྱས་འཇུག་པར་མ་ཟད། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བར་ཤེས་རིག་གི་ཉིང་བཅུད་དང་བསམ་པའི་སྟོབས་ཤུགས་རྒྱས་འཇུག་དགོས་ཞེས་བཤད།
རིག་གནས་ཀྱི་འཕེལ་འགྲོས་དང་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་ཡོད་ལ། རིག་གནས་ཀྱི་རྩ་རྒྱུད་དང་རྒྱལ་ཁབ་ཀྱི་རྩ་ཟུངས་དང་འབྲེལ་ཡོད། རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འགོ་ཚུགས་གསར་པའི་ཐོག་ནས་རིག་གནས་དར་རྒྱས་གཏོང་བ་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་། ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དེ་ནི། ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཡིན་ཞེས་ནན་གསུང་གནང་ཡོད། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ལས་ཀའི་གོ་གནས་གལ་ཆེན་དུ་བཞག་ཡོད་ལ། དྲང་སྲུང་གསར་གཏོད་ཁྲོད་ཀྲུང་ཧྭའི་རིག་གནས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། ཀྲུང་ཧྭའི་ཤེས་རིག་གི་གསོན་ཤུགས་གསར་པ་སྐུལ་སྤེལ་བྱས་ནས། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས། ཏང་དང་རྒྱལ་ཁབ་བྱ་གཞག་གི་རྣམ་པ་གསར་པ་སྐྲུན་པ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད་པར་འདོད་དེ། ཧུའུ་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་འགོ་འཛིན་ཀྲུང་ཅུན་གྱིས། ཀྲུང་ཧྭའི་མི་རིགས་དེང་རབས་ཤེས་རིག་འཛུགས་སྐྱོང་བྱེད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་འཛུགས་སྐྱོང་སྐོར་གྱི་བརྗོད་པ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་གནས་ལུགས་ཀྱིས་ཀྲུང་གོའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཀྲུང་གོའི་ཉམས་མྱོང་དེ་ཀྲུང་གོའི་གཞུང་ལུགས་སུ་གོང་མཐོར་བཏང་ནས། ཀྲུང་ཧྭའི་མི་རིགས་ཀྱི་སྙིང་སྟོབས་ཐད་ནས་རང་ཚུགས་རང་དར་མངོན་འགྱུར་བྱུང་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད་ཕྱིན། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བའི་ལམ་ཆེན་ཐོག་སྔ་ན་མེད་པའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་སྐྱེད་ངེས། ང་ཚོས་སྔར་ལས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་དང་། འབད་བརྩོན་ལྷོད་མེད་བྱས་ཏེ། ཐུན་མོང་འབད་འབུངས་འོག་ང་ཚོའི་དུས་རབས་འདི་ལ་དབང་བའི་རིག་གནས་གསར་པ་འཛུགས་སྐྱོང་བྱེད་དགོས་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཟུང་འབྲེལ་གཉིས་ཀྱིས་དབྱེར་མེད་གཅིག་གྱུར་ཡོང་བའི་རིག་གནས་ཚེ་སྲོག་གསར་པ་བསྐྲུན་ཡོད་ལ། མར་ཁེ་སི་རིང་ལུགས་དེ་ཀྲུང་གོ་ཅན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་དེང་རབས་ལ་དབང་བ། ཟུང་འབྲེལ་ལས་་བྱུང་བའི་རིག་གནས་གསར་པ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་རྣམ་པར་ཆགས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་དཔལ་ཡོན་ལ་དེང་རབས་ཀྱི་སྟོབས་ཤུགས་བསྩལ་ཡོད་ལ། ཀྲུང་ཧྭའི་དཔལ་ཡོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅེས་གསུངས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བརྗོད་པ་གལ་ཆེན་མཛུབ་སྟོན་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་འཛིན་ཟབ་མོ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་ཅན་ནས་ལུགས་བསྒྱུར་དང་གསར་གཏོད་ཅན་ནས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་རིག་གནས་དང་དཔལ་ཡོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་བཤད།
ཀྲུང་གོའི་མི་དམངས་སློབ་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་གླིང་གི་འགོ་འཛིན་དབྱང་ཧྥེང་ཁྲེན་གྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་སྲོལ་རྒྱུན་དཔལ་ཡོན་དང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་སྲིང་བ་ཡིན། ཕྱོགས་གཞན་ཞིག་གི་ཐད་ནས་གླེང་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཤེས་རིག་གི་རྒྱུན་བསྐྱངས་པ་ཡིན། དངོས་པོའི་རྨང་གཞི་དང་ལམ་ལུགས་འགན་སྲུང་། བསམ་པའི་གནས་སྟངས་སོགས་ཀྱི་ཐད་ནས་བཤད་ན། དེ་ལ་དེང་རབས་ཀྱི་སྟོབས་ཤུགས་བསྩལ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཀྲུང་ཧྭའི་དཔལ་ཡོན་ལ་གཟི་བརྗིད་རབ་ཏུ་འབར་ཞིང་། འཛམ་གླིང་དཔལ་ཡོན་ཡར་རྒྱས་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དངོས་མང་བཤམས་སྟོན་ཁང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཡེ་ཨེར་སྨི་ལ་ཡིས། ལོ་རྒྱུས་སེམས་སུ་བཟུང་ན་མ་འོངས་གཏོད་ཐུབ་ལ། རྒྱུན་འཛིན་བྱེད་མཁས་ན་གསར་གཏོད་ཀྱང་བྱེད་མཁས། ང་ཚོས་ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་ཤེས་རིག་གཏོད་དགོས་ན་ཀྲུང་ཧྭའི་ཤེས་རིག་གི་ཁྱད་ཆོས་འབུར་ཐོན་དང་ཉིང་བཅུད་དོན་དངོས་ཁོང་དུ་ཆུད་དགོས་ལ། གནའ་དེང་བེད་སྤྱོད་དང་། རྙིང་འདོར་གསར་གཏོད་བྱེད་པ། ཕྱོགས་ཡོངས་ནས་ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཐུབ་ན། ད་གཟོད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཅན་ནས་ལུགས་བསྒྱུར་དང་འཕེལ་རྒྱས་ཡག་པོ་འགྲོ་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་འཛུགས་སྐྱོང་སྔར་ལས་སྐུལ་སྤེལ་གཏོང་ཐུབ་ཅེས་བཤད།
ཀྲུང་ཧྭའི་རིག་གནས་ཀྱི་འབབ་རྒྱུན་རིང་ཞིང་དར་རྒྱས་ཕུན་སུམ་ཚོགས། ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་རིང་ལ་གསོན་ཉམས་ལྡན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཀྲུང་ཧྭའི་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་པར་ཉིང་བཅུད་དང་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ནས། ཚང་མས་རིག་གནས་ཡིད་ཆེས་ཇེ་བརྟན་དང་དྲང་སྲུང་གསར་གཏོད་ཀྱི་སྤོབས་པ་བློ་ཤེས་ལ་བརྟེན་ནས་ཀྲུང་ཧྭའི་ཤེས་རིག་དར་རྒྱས་ཀྱི་དཔལ་འབར་མཐོན་པོར་སྒྲེང་ཞིང་།ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ལ་ཤེས་རིག་གི་ཉིང་བཅུད་སྣོན་པ་དང་བསམ་པའི་སྟོབས་ཤུགས་ཟད་མེད་འབུལ་རྒྱུ་ཡིན་ཞེས་བཤད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་སྣ་འཛོམས་འཕྲིན་ལམ་གྱི་འགན་ཁུར་པ་ཧོ་ཡ་ལི་ཡིས། འབད་འབུངས་ཆེན་པོས་ཀྲུང་ཧྭའི་མི་རིགས་དེང་རབས་ཤེས་རིག་དར་སྤེལ་གཏོང་བའི་ལམ་བུའི་ཐོག ང་ཚོས་དྲང་སྲུང་གསར་གཏོད་ཀྱི་སྤོབས་པ་དང་བློ་རིག་ལ་བརྟེན་ནས་དོ་སྣང་ཆེ་བའི་རིག་གནས་ཤུལ་བཞག་གསར་གཏོད་དང་དཔལ་ཡོན་འབྱུང་ཁུངས་འཚོལ་ཞིབ་བྱས་པའི་རིག་གནས་ལེ་ཚན་རྩེ་གྲ་སྔར་ལས་མང་པོ་ལས་ནས་ཀྲུང་ཧྭའི་རིག་གནས་ཇི་སྲིད་བར་དུ་ཉམས་པ་མེད་པའི་ངོ་མཚར་དང་དུས་རབས་ཀྱི་རྣམ་པ་མངོན་འཇུག་དགོས་ཞེས་བཤད།
ཀྲུང་གོའི་ཡིག་གཟུགས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུན་ཞའོ་ཡུན་གྱིས། ཡིག་གཟུགས་ལས་སྒྲུབ་པ་ཞིག་དང་རིག་གནས་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་རླབས་ཆེའི་དུས་རབས་འདིའི་ནང་ཞུགས་ཐུབ་པ་ནི་གཟི་བརྗིད་རེད་ལ་འགན་འཁྲི་ཡང་རེད། ང་ཚོས་རང་གི་སོར་སྨྱུག་ལས་ཕུལ་བྱུང་བརྩམས་ཆོས་མང་པོ་བྲིས་ནས་རིག་གནས་རྒྱུན་འཛིན་བྱེད་པ་དང་། གནའ་བོའི་ཡིག་གཟུགས་སྒྱུ་རྩལ་ལ་དུས་རབས་ཀྱི་ངོ་མཚར་ངོམ་བཅུག་དགོས་ལ། དུས་རབས་གསར་པར་རིག་གནས་འགན་འཁྲི་གསར་པ་ཁུར་ནས་ཀྲུང་ཧྭའི་མི་རིགས་དེང་རབས་ཅན་གྱི་རིག་གནས་འཛུགས་སྐྱོང་བྱེད་པར་རང་གིས་བྱས་རྗེས་འཇོག་དགོས་ཞེས་བཤད་པ་རེད།
རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་གི་མགོ་གཙོ་གཞོན་པ་ལིའུ་ཝན་མིང་གིས། གསུངས་བཤད་ཀྱིས་དུས་རབས་གསར་པའི་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་ལས་གསལ་པོ་བཏང་ཡོད་ལ། ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྱོང་དང་། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གཏོད་ཡོད། འདི་ནི་ང་ཚོ་དུས་རབས་གསར་པའི་རིག་རྩལ་ལས་སྒྲུབ་པའི་གཟི་བརྗིད་ལྡན་པའི་འོས་འགན་དང་འགན་འཁྲི་ཡིན་སྟབས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་དང་མངག་བཅོལ་སེམས་སུ་དམ་པོར་བཅངས་ནས་རིག་དངོས་ཞིབ་འཇུག་དང་བེད་སྤྱོད་ཇེ་དྲག་བཏང་ནས། ལོ་རྒྱུས་དང་རིག་དངོས་ལས་བརྗོད་བྱ་མཚོན་ཞིང་གསོན་ཤུགས་རྒྱས་སུ་འཇུག་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བསམ་པའི་སྟོབས་ཤུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཀྲུང་ཧྭའི་ཤེས་རིག་དང་འཛམ་གླིང་ཤེས་རིག་གཉིས་ཕུན་ཚུན་མིག་དཔེ་ལྟ་རེས་དང་སྤེལ་རེས་བྱེད་པར་བྱས་རྗེས་སྔ་ལས་མང་པོ་འཇོག་རྒྱུ་ཡིན་ཞེས་བཤད།




