དྭངས་གསལ་གུང་གསེང་གི་ཉིན་དང་པོར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས6000ལྷག་ཙམ་ལ་སྣེ་ལེན་བྱས་པ།
| 2026-04-08 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2026ལོའི་དྭངས་གསལ་གོང་གསེང་རིང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡུལ་སྐོར་ཞབས་ཞུ་ཇེ་ལེགས་སུ་བཏང་བ་དང་། ཡུལ་སྐོར་བར་མཚོ་སྔོན་པོའི་དར་ཁ་ཕྱེ་བ་དང་འདབ་ཆགས་ཁྲི་སྟོང་འཕུར་བའི་མཐོ་སྒང་གི་མཛེས་སྡུག་མངོན་པ་ལ་དབྱིངས་ཞུགས་ཉམས་ལེན་བྱེད་པར་སྣེ་ཁྲིད་བྱས། ཟླ4པའི་ཚེས4ཉིན་གྱི་གུང་གསེང་གི་ཉིན་དང་པོར་བསྡོམས་པས་ཡུལ་སྐོར་བ་མི་ཐེངས6247ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས400%འཕར་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་པོའི་དར་ཁ་ཕྱེ་བའི་དུས་ཚིགས་ལ་དམ་པོར་འབྲེལ་བ་དང་། དཔྱིད་ཀའི་ཁྱད་ལྡན་ཉམས་ལེན་དང་སྐྱེ་ཁམས་ལྟ་སྐོར་སོགས་ཀྱི་ལྟེ་བའི་ནང་དོན་ལ་དམིགས་ནས། ཟླ4པའི་མཚོ་སྔོན་པོའི་དར་ཁ་ཕྱེ་བའི་དུས་ཚིགས་ཀྱི་ཐོན་རྫས་མ་ལག་ཇུས་འགོད་ཞིབ་ཚགས་བྱས་ཏེ་བཏོན་པ་རེད། དེ་དང་ཆབས་ཅིག་མཚོ་སྔོན་པོའི་དར་ཁ་ཕྱེ་བའི་དུས་ཚིགས་ཀྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ཁོར་ཡུག་དང་མཉམ་འབྲེལ་སྒོས། མཚོ་སྔོན་པོའི་དར་ཁ་ཕྱེ་བའི་མཛེས་ལྗོངས་ལྟ་སར་བརྗོད་དོན་གཙོ་བོའི་འབྱོར་ཡུལ་རབ་དང་རིམ་པ་བཙུགས་ནས་ཡུལ་སྐོར་བའི་སྤྲོ་གསེང་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མཚོ་སྔོན་པོའི་དར་ཁ་ཕྱེ་བའི་དུས་ཚིགས་ཀྱི་ཟོང་རྟགས་ཤུགས་རྐྱེན་དང་། ཁྲོམ་རའི་ཡིད་དབང་འགུག་ནུས། ཡུལ་སྐོར་བ་ཞུགས་ཚད་བཅས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས།
མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་སྤུས་ལེགས་དང་བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་འདོན་སྤྲོད་བྱ་ཆེད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ལས་རྣམ་བཀོད་སྒྲིག་དང་སྒྲིག་ཆས་སྲུང་སྐྱོབ། རིག་ལྡན་ཞབས་ཞུ་ལེགས་སྒྱུར་སོགས་ཀྱི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཡུལ་སྐོར་དུས་ཚིགས་ལེགས་པོ་བསུ་བཞིན་ཡོད། མཛེས་ལྗོངས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་བར་གྱི་འབྲེལ་བ་སྔར་བས་གཅིག་འདོམས་དང་མཐུན་སྦྱོར། དོ་སྙོམས་བཅས་ལེགས་པོ་བྱས་ནས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དེ་བས་མང་པོ་རྒྱུན་ཆད་མེད་པར་འདོན་པ་དང་། ཀན་སུའུ་དང་མཚོ་སྔོན་མཛེས་ལྗོངས་ཁུལ་གྱི་མནའ་འབྲེལ་གྲོགས་ཚོགས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་ནུས་ཤུགས་བཏོན་ནས། ཡུལ་སྐོར་བར་ཕུན་ཚོགས་སྣ་མང་དང་བདེ་འཇགས་བག་ཕེབས་ཀྱི་ཡུལ་སྐོར་མྱོང་རོལ་བསྩལ་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་མང་བའི་དུས་ཚིགས་འཆར་ཉེར་ཡོད་པས་ཡུལ་སྐོར་བ་རྣམས་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་དང་སྒྲིག་ལམ་ལ་བརྩི་སྲུང་བྱས་ནས་དཔལ་ཡོན་ལྡན་པའི་སྒོ་ནས་ཡུལ་སྐོར་བྱེད་པ་དང་། བདེ་འཇགས་ལ་དོ་སྣང་བྱེད་པ། ཉ་བྱ་ལ་གཅེས་སྐྱོང་བཅས་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས་པར་གསལ་འདེབས་བྱས།།





