གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན།
| 2025-07-14 来源: | 分享: |
ཏང་དང་རྒྱལ་ཁབ་ལ་དགའ་ཞིང་རང་འགོ་རང་ཐོན་ཐུབ་དང་འབད་བརྩོན་ཡར་རྒྱས་ཅན་གྱི་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་བཟང་པོ་ཞིག་བརྩོན་ལེན་བྱེད་དགོས།
གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན་པས། ཕ་ཡུལ་ལེགས་པར་འཛུགས་སྐྲུན་བྱེད་པ་དང་རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པར་ཁྱེད་ཅག་མི་རབས་འདིས་མུ་མཐུད་འབད་འཐབ་བྱ་དགོས་སྟབས། སློབ་གྲོགས་ཚོས་ཕུགས་འདུན་ཆེན་པོ་ཡོད་པ་དང་་དུས་སྐབས་བཟང་པོ་གཅེས་སྤྲས་བྱེད་ཅིང་།སྤྱོད་ཡོན་ལུས་སྦྱོང་མཛེས་རྩལ་ཕྱོགས་ཡོངས་ནས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།ཏང་དང་རྒྱལ་ཁབ་ལ་དགའ་ཞིང་རང་འགོ་རང་ཐོན་ཐུབ་དང་འབད་བརྩོན་ཡར་རྒྱས་ཅན་གྱི་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་བཟང་པོ་བྱེད་པར་བརྩོན་ལེན་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་སྒྲུབ་མཁན་དུ་འགྱུར་བའི་རེ་བ་ཡོད།
--༢༠༢༤ལོའི་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མར་སྤྲིངས་པའི་འཕྲིན་ཡིག་ལས།


