རྩ་འཛུགས་ནི་རྣམ་པ་ཡིན་ལ།བསམ་བློ་ནི་རྣམ་ཤེས་ཡིན།
| 2025-10-20 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རྩ་འཛུགས་ནི་རྣམ་པ་ཡིན་ལ།བསམ་བློ་ནི་རྣམ་ཤེས་ཡིན་པས་ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ནས།རྣམ་པ་གཏོད་དགོས་པ་མ་ཟད་རྣམ་ཤེས་ཀྱང་སྐྲུན་དགོས། ང་ཚོའི་ཏང་གིས་ཉེ་རབས་ནས་བཟུང་ཆབ་སྲིད་སྟོབས་ཤུགས་སྣ་ཚོགས་ཀྱིས་འགྲུབ་དཀའ་བའི་དཀའ་ཁག་ཆེ་བའི་ལས་འགན་ལེགས་གྲུབ་ཐུབ་པ་དང་།མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་།འཛུགས་སྐྲུན།བསྒྱུར་བཅོས་བཅས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པའི་རྒྱུ་མཚན་ནི་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་བྱ་སྤྱོད་ལམ་སྟོན་དུ་བརྩིས་ཏེ།ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་བཟོ་བ་མཐའ་འཁྱོངས་བྱས་ཏེ།ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་།བློ་བརྟན་འགྱུར་མེད་ཀྱི་བསམ་བློ།མཐུན་སྦྱོར་གྱི་བྱ་སྤྱོད།འཐབ་འཛིང་ནུས་པ་སྟོབས་ཆེན་བཅས་རྒྱུན་འཁྱོངས་བྱས་པ་བཅས་ཀྱིས་ཡིན།
༢༠༢༠ལོའི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་དགུ་པའི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གནང་བའི་གསུང་བཤད་ལས།


