རང་རྟོགས་ཀྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་དད་པ་བརྟན་པོ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས།
| 2025-10-20 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རང་རྟོགས་ཀྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་དད་པ་བརྟན་པོ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས།
ང་ཚོས་ཕུགས་བསམ་དང་དད་སེམས་སློབ་གསོ་དེ་བསམ་བློ་འཛུགས་སྐྱོང་གི་འཐབ་ཇུས་ལས་འགན་དུ་བརྩིས་ཏེ།ཏང་ཡོངས་ཀྱི་ཕུགས་བསམ་དོན་གཉེར་ཐད་ཀྱི་ཆབ་སྲིད་ཀྱི་སེམས་ཐག་བཅད་པ་རྒྱུན་འཁྱོངས་བྱེད་དགོས་ལ།རང་རྟོགས་ཀྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་དད་པ་བརྟན་པོ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
༢༠༡༦ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་༩༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལས།


