ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་ལས་ཀའི་གྲོས་ཚོགས་པེ་ཅིན་དུ་འཚོགས།
| 2023-04-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་གསུམ་ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་ལས་ཀའི་གྲོས་ཚོགས་དེ་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁོང་གིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེའི་དམིགས་འབེན་གྱིས་མི་ལ་སྐུལ་མ་ཐེབས་ཤིང་མདུན་སྐྱོད་ཀྱི་སྟོབས་ཤུགས་སྐྱེད་དུ་བཅུག ང་ཚོའི་མི་རབས་འདིའི་ཀྲུང་གོ་གུང་ཁྲན་ཏང་མིའི་འགན་འཁྲི་གཟི་བརྗིད་ཆེ་ལ་ལས་འགན་ལྗིད་མོ་རེད། ང་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོར་གོ་སྐབས་སུ་བཟུང་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་དྲག་ཆས་སྤྲས་ཏེ། རྒྱུན་ཆད་མེད་པར་ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོར་འདེགས་བཏང་སྟེ། རྒྱང་སྐྱོད་གསར་བའི་ཐོག་སེམས་ཤུགས་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོནཞ དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ ཁྱོན་ཡོངས་ནས་མཐུན་སྒྲིལ་འབད་བརྩོན་བྱ་དགོས་ཞེས་ནན་གསུང་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆིང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏེང་ཞུས་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་གྲོས་ཚོགས་ནང་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་ཚེ་ཆི་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་།
ཞི་ཅིན་ཕིང་གིས། རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བྱས་ཏེ་ཏང་ཡོངས་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོ་ཟབ་སྤེལ་བྱེད་དོན་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་གྱི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར། ཏང་ནང་ཁུལ་གྱི་འབུར་ཐོན་གནད་དོན་ཐག་གཅོད། ཏང་དང་མི་དམངས་ཀྱི་འབྲེལ་བ་ཟབ་མོ་དུས་ནམ་ཡང་མཐའ་འཁྱོངས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
ཐེངས་འདིའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཇེ་ཟབ་དང་དོན་དངོས་གཉེར་པར་འབད་བྱེད་དགོས་ལ། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་ནས་བསམ་བློའི་ཐོག་གཞི་རྩ་ནས་དག་བཅོས་དང་རྩ་བརྟན་ཁུངས་སྐྱོང་བྱེད་པ། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བརྡས་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མཐོར་འདེགས་གཏོང་བ། འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་གཅིག་གྱུར་བྱེད་དགོས་ལ། སེམས་བསམ་པ་གཅིག་ལ་ཕྱོགས་པ་དང་ཁ་ཕྱོགས་གཅིག་ལ་འབད་པ་བྱས་ཏེ། མཉམ་དུ་ཏང་དེ་རྒོལ་ན་མི་ཐུབ་པ་མེད་པ། འཐབ་ན་རྣམ་པར་རྒྱལ་བའི་ངར་ལྕགས་ལྟ་བུ་ལ་སྦྱོང་བརྡར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ནས་དགོངས་པ་སློབ་སྦྱོང་དང་ལག་ལེན་དངོས་ཐོན་བཅུག་པ་དང་། ཡང་དག་པའི་དབང་ཆ་ལྟ་བ་དང་། བྱ་གཞག་ལྟ་བ། ཆབ་སྲིད་བྱས་རྗེས་ལྟ་བ་བཅས་དར་སྤེལ་གཏོང་བ། འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་སྤུས་མཐོའི་འཕེལ་རྒྱས་ཀྱི་འཇོན་ཐང་དང་མི་སེར་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་འགོག་ཉེན་སེལ་གྱི་འཇོན་ཐང་བཅས་ཇེ་མཐོར་གཏོང་བ། འཐབ་འཛིང་སྙིང་སྟོབས་དང་འཐབ་འཛིང་འཇོན་ཐང་ཇེ་དྲག་ཏུ་བཏང་ནས། ཡར་རྒྱས་བརྩོན་ལེན་དང་འགན་ཁུར་བྱས་རྗེས་བཞག་ཐུབ་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ནས་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པ་དང་། མི་འདང་རྩད་བཤེར་དང་ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་པོ་བསྟན་པ་དགོས་ལ། ཆབ་སྲིད་ཀྱི་ཉམས་སད་ཐེག་པ་དང་ཆབ་སྲིད་ཀྱི་མི་འདང་ས་ཡོ་བསྲང་བྱེད་པ། བྱ་སྤྱོད་ཀྱི་སྐྱོན་ཆ་དག་ཐེར། བསམ་བློ་བརྟན་པོ་མིན་པ་དང་། རྩ་འཛུགས་བརྟན་པོ་མིན་པའི་ཐད་ལ་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་དགོས། རྒྱུན་ཆད་མེད་པར་ཏང་གི་རང་ཉིད་སྤྱོད་གཙང་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་མཐོ་འདེགས་བཅས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། ང་ཚོའི་ཏང་ནམ་ཡང་གསོན་ཤུགས་ལྡན་པ་དང་། ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོར་གྱུར་འཇུག་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོས་དགོངས་པ་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག ལག་ལེན་གཙིགས་འཛིན། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་དགོས། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཁྱོན་ཡོངས་ནས་དགོངས་པ་འདིའི་རྩ་བའི་ལྟ་བ་དང་ཚན་རིག་མ་ལག་ཁོང་དུ་ཆུད་པ་དང་། དགོངས་པ་འདིའི་འཛམ་གླིང་ལྟ་བ་དང་། བརྟག་ཐབས་སྨྲ་བ་དམ་དུ་འཛིན་པ། དེའི་ནང་རྒྱུད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ནས། རྒྱུན་ཆད་མེད་པར་ཏང་གི་གསར་གཏོད་རིགས་གཞུང་གི་ཆབ་སྲིད་དང་བསམ་བློ། རིགས་གཞུང་། བརྩེ་བ་བཅས་ཀྱི་ངོས་འཛིན་གཅིག་མཐུན་ཇེ་དྲག་ཏུ་གཏོང་ཞིང་། མར་ཁེ་སི་རིང་ལུགས་ཀྱི་སྙིང་བཅུད་སློབ་སྦྱོང་དངོས་སུ་ཁོང་དུ་ཆུད་པ་བྱས་ནས། རང་རྟོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་ཀ་སོ་སོར་མཛུབ་སྟོན་བྱེད་དགོས།
རང་རྟོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་རང་སྣང་གི་འཇིག་རྟེན་ལྟ་བ་བསྒྱུར་བཀོད་བྱེད་དགོས་པ་དང་། དགོངས་པ་འདིའི་ཕུགས་འདུན་དང་འདུ་ཤེས་བརྟན་དུ་གཏོང་བ་དང་བསམ་བློ་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ཇེ་དྲག་གཏོང་བ་སོགས་དང་འབྲེལ་བའི་བླང་བྱ་རབ་དང་རིམ་པ་ལ་གོ་བ་ཟབ་མོ་ལེན་ནས། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་སྲུང་བྱེད་དགོས། རང་རྟོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བྱས་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པ་དང་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་ཀྱི་ཐད་ལ་སྤྱད་དགོས་པ་དང་། དུས་རབས་ལ་ལྟ་ཞིབ་བྱེད་པ་དང་དུས་རབས་ ཁོང་དུ་ཆུད་པ། དུས་རབས་ལ་སྣེ་ཁྲིད་པ་བཅས་ཀྱི་ཐད་སྤྱད་ནས། འགྱུར་ལྡོག་ངོས་འཛིན་དང་འགྱུར་ལྡོག་ལ་ཁ་གཏད་པ། འགྱུར་ལྡོག་འབྱུང་གང་ཐུབ་བྱེད་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་གོ་རིམ་ཁྲོད་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས་ཤིང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་བྱུང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྲོད་དུ་འབད་པ་སྐྱེད་བྱེད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པ་དང་། དེའི་ནང་དུ་ཡོད་པའི་འགོ་ཁྲིད་བྱེད་ཐབས་དང་བསམ་བློའི་བྱེད་ཐབས། ལས་སྒྲུབ་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱས་ནས། རྒྱུན་ཆད་མེད་པར་རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ཡོང་བར་སྐུལ་བ་དང་། འབད་པ་ལྷོད་མེད་ཀྱིས་དོན་འཁྱོལ་ཡོང་བར་སྐུལ་བ། ལས་གནས་སུ་རྐང་ཚུགས་ནས་བྱས་རྗེས་འཇོག་དགོས་ཤིང་། འབད་པ་ཆེན་པོས་ལོ་རྒྱུས་དང་མི་དམངས་ཀྱིས་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་པའི་རྩ་བའི་ལས་འགན་ནི་སྦྱོང་སྒོམ་བཀོལ་གསུམ་མཉམ་མཐུད་བྱུང་བ་དང་ངོས་འཛིན་དང་ཡིད་རྟོན། བྱ་སྤྱོད་བཅས་གཅིག་འགྱུར་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་འདུན་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་བའི་ནུས་ཤུགས་སྟོབས་ལྡན་དུ་བསྒྱུར་ཏེ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་འགྱུར་དང་བློ་སྤོབས་བརྟན་བརླིང་། མཐུན་སྦྱོར་ལྡན་པའི་བྱ་སྤྱོད་། སྟོབས་དང་ལྡན་པའི་འཐབ་རྩོད་ནུས་པ་བཅས་རྒྱུན་འཛིན་བྱེད་འཇུག་པ་དང་། འབད་པ་ཆེན་པོས་སློབ་སྦྱོང་ལས་མི་གཤིས་སྦྱོང་བརྡར་དང་སློབ་སྦྱོང་ལས་བློ་རིག་འཕེལ་བ། སློབ་སྦྱོང་ལས་ཀུན་སྤྱོད་ཡ་རབས་སུ་འགྱུར་བ། སློབ་སྦྱོང་ལས་ལག་ལེན་དངོས་སྤེལ་ལ་སྐུལ་བ་བཅས་ཀྱི་ཐད་ལ་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དེ་རེད། སེམས་ཤུགས་གཅིག་ཏུ་བསྡུས་ནས་རྩ་བ་ཇེ་བརྟན་བཏང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ནས། བསམ་བློའི་ཉམས་སད་ཐེག་པ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ། མར་ཁེ་སི་རིང་ལུགས་ལ་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས། ཀྲུང་ཧྭ་མི་རིགས་ བསྐྱར་དར་རླབས་པོ་ཆེའི་་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ཡིད་ཆེས་བཅས་ཇེ་བརྟན་བཏང་ནས། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ངེས་པར་དུ་ཐོག་མའི་དམ་བཅའ་མི་བརྗེད་པ་དང་འོས་འགན་སེམས་སུ་དམ་པོར་འཛིན་དགོས། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་སྡུག་རུས་བྱེད་དགོས། ངེས་པར་དུ་འཐབ་འཛིང་ཕོད་པ་དང་འཐབ་འཛིང་བྱེད་མཁས་དགོས། དད་མོས་ཀྱི་རྨང་གཞི་ཇེ་བརྟན་གཏོང་བ་དང་། བསམ་བློའི་སྙིང་བཅུད་ཇེ་བཟང་གཏོང་བ། བསམ་བློའི་ཁ་ཕྱོགས་ཇེ་བརྟན་ཡོང་བར་བྱེད་དགོས། སྤྱོད་ལམ་སྦྱོང་བརྡར་དང་བློ་སེམས་དཀར་པོ་བྱེད་པར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་དེ། ཆབ་སྲིད་ཀྱི་གོ་རྟོགས་སྦྱོང་བརྡར་བྱེད་པ། ཏང་གི་དར་ཆ་དེ་རང་གི་དར་ཆར་འཛིན་པ་དང་། ཏང་གི་འདུ་ཤེས་དེ་རང་གི་འདུ་ཤེས་སུ་འཛིན་པ། ཏང་གི་འགན་འཁྲི་དེ་རང་གི་འགན་འཁྲིར་འཛིན་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས། མར་ཁེ་སུ་རིང་ལུགས་ལ་བློ་དཀར་བ། ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་བ། དུས་དང་ནམ་པ་ཀུན་དུ་ཏང་ལ་སེམས་ཁུར་བྱེད་པ། བློ་སེམས་བརྟན་པོས་ཏང་སྲུང་ཞིང་། སྟོབས་ཤུགས་ཡོད་དགུས་ཏང་འཕེལ་རྒྱས་གཏོང་དགོས། དོན་དངོས་སུ་ལག་ལེན་དང་འགན་ཁུར་ཏེ་འཕེལ་རྒྱས་གཏོང་བར། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པར་རྒྱལ་ཁབ་ཆེན་པོའི་འདུ་ཤེས་ཡོད་པར་སློབ་གསོ་དང་སྐུལ་ཁྲིད་བྱེད་དགོས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་་ལས་འགན་ལྟེ་གནས་དམ་པོར་དམིགས་ཏེ། དམ་པ་དོན་གཉེར་དང་དོན་དངོས་སྒྲུབ་པ། གནད་དོན་ལ་དམིགས་འཛུགས་དང་། དཀའ་ངལ་སེལ་བ། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་ཡོད་དགོས་ཤིང་། འགན་ཡག་པོ་ཁུར་བའི་སྙིང་སྟོབས་བཅས་ཀྱིས་ཏང་དང་མི་དམངས་ལ་འགན་ཡག་པོ་ཁུར་བ་དང་། རྣམ་པ་གསར་པ་དང་བྱས་རྗེས་གསར་པས་སྤུས་མཐོའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པར་ཕན་འབྲས་གསར་པ་ཐོབ་པ་དང་། འབད་པ་ཆེན་པོས་བྱ་གཞག་འཕེལ་རྒྱས་གཏོང་བའི་གནམ་ས་གསར་པ་བསྐྲུན་དགོས། རྩ་དོན་ལག་བསྟར་བྱས་ནས་མི་དམངས་ལ་ཕན་བདེ་སྐྲུན་པར། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ནས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་ཆགས་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དང་། ཡོད་ཚད་མི་དམངས་ལ་བརྟེན་དགོས་པ། རང་རྟོགས་ཀྱིས་མི་དམངས་ལ་བློ་འདྲི་བ་དང་། མི་དམངས་ཀྱི་དགོས་མཁོ་འདྲི་བ། ནམ་ཡང་མི་དམངས་དང་འབྱིན་རྔུབ་གཅིག་པ་དང་ལས་དབང་གཅིག་པ། བློ་སེམས་གཅིག་སྦྲེལ་བྱེད་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་དང་། མང་ཚོགས་ལ་ཕན་འདོགས་པ། མི་དམངས་ལ་སེམས་ཁུར་བྱེད་པ། མི་དམངས་ཀྱི་འདོད་བློ་བསྐོང་བ་བཅས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་གཏོང་དགོས་ཞེས་ནན་གསུང་གནང་།
སྤྱོད་གཙང་གཞུང་སྒྲུབ་ཀྱི་དར་སྲོལ་གསར་པ་ཆགས་པར། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་དེ་སྒྲིག་ཁྲིམས་དང་སྒྲིག་ལམ་འདུ་ཤེས་ཇེ་དྲག་གཏོང་ཞིང་། སྤྱོད་ངན་བཞི་མུ་མཐུད་དུ་ཡོ་བསྲང་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་འབུར་ཐོན་གོ་གནས་སུ་བཞག་པ་རྒྱུན་འཁྱོངས། དབང་སྤྱོད་དྲང་བདེན་དང་། ཁྲིམས་ལྟར་དབང་སྤྱོད། དམངས་དོན་དུ་དབང་སྤྱོད་པ། དབང་ཆ་གཙང་སྤྱོད་བྱེད་དགོས་ལ། བློ་མཐུན་བར་གྱི་འབྲེལ་བ་གསལ་གསལ་རྗེན་རྗེན་ཆགས་པར་སྐུལ་འདེད་དང་། གོང་འོག་གི་འབྲེལ་བ་ཚུལ་མཐུན་ལུགས་མཐུན་ཆགས་པ། སྤྱོད་གཙང་གཅིག་འགྱུར་གྱི་སྲིད་ཚོང་འབྲེལ་བ་གསར་པ་ཆགས་པ་བྱས་ནས། ཆབ་སྲིད་ཁོར་ཡུག་དང་སྤྱི་ཚོགས་དར་སྲོལ་ཡག་པོའི་སྐུལ་ཁྲིད་པ་དང་འཛུགས་གཉེར་མཁན། སྲུང་སྐྱོང་མཁན་ཞིག་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། ཐེངས་འདིའི་བརྗོད་བྱ་གཙོ་བོའི་སློབ་གསོ་ལ་རིམ་པ་དང་ལས་རིམ་མི་བགོ་ལ། རིགས་གཞུང་སློབ་སྦྱོང་དང་། རྟོག་ཞིབ་ཞིབ་འཇུག འཕེལ་རྒྱས་སྐུལ་སྤེལ། ཞིབ་བཤེར་དག་ཐེར་བཅས་གཅིག་གྱུར་བྱས་ནས་ཟུང་འབྲེལ་མཉམ་སྤེལ་བྱེད་དགོས། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིག་པ་རྟོགས་པ་རྒྱུན་འཁྱོངས་དང་། བསམ་བློ་ཞིབ་མོ་གཏོང་བ་དང་། སློབ་པ་གཏིང་ཟབ་རྟོགས་པ་མཐར་ཕྱིན་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་ནང་དོན་སྙིང་ཉིང་དགོས། ལག་ལེན་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ནས། ཕྱོགས་ཡོངས་ལ་བྱང་ཆུད་པ་དང་དོན་ཀུན་འཁྱོལ་ཐུབ་པར་བྱེད་དགོས།
ཏང་ཀྲུང་དབྱང་གིས་ཏང་ཡོངས་ནང་བརྟག་དཔྱོད་ཞིབ་འཇུག་བྱས་པའི་ལས་ཀའི་ཐབས་ཇུས་ལྟར། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ནས། ཁྱད་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཞི་ཞི་དུལ་བས་གཞི་རིམ་ཡུལ་དངོས་སུ་ཟབ་ཞུགས་དང་། གྲོང་གསེབ་དང་འདུས་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ། རྩ་འཛུགས་གསར་པ་གཉིས་སོགས་གཞི་རིམ་ལས་ཁུངས་ལ་ཟབ་ཞུགས་བྱས་ནས། གནད་དོན་འདྲི་དཔྱོད་དང་གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་དང་དཀའ་གནད་རྩད་ཞིབ་བྱེད་ཅིང་། ཏང་གི་གསར་གཏོད་རིགས་གཞུང་ལ་བརྟེན་ནས་གནས་ཚུལ་་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་ལས་འགན་དང་པོ་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བར་དམིགས་ནས། རིགས་གཞུང་སློབ་སྦྱོང་ལ་བརྟེན་ནས་འཕེལ་རྒྱས་ལག་ལེན་ལ་མཛུབ་སྟོན་དང་། རྟོག་ཞིབ་ཞིབ་འཇུག་ཟབ་མོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གནད་དོན་སེལ་བ། སློབ་སྦྱོང་དང་རྟོག་དཔྱོད་ཞིབ་འཇུག་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཀོད་འདོམས་གནང་བའི་ལས་འགན་སོ་སོའི་ཁྲོད་དོན་འཁྱོལ་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པས་སློབ་གསོའི་གྲུབ་འབྲས་བརྡར་གཅོད་བྱེད་དགོས། སློབ་སྦྱོང་བྱེད་ཞོར་དང་དཔེ་བསྡུར་བྱེད་ཞོར། ལྟ་སྐུལ་བྱེད་ཞོར། དག་ཐེར་བྱེད་ཞོར་རྒྱུན་འཁྱོངས་བྱས་ནས། གནད་དོན་དག་ཐེར་བྱེད་པ་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དངོས་སུ་གནད་དོན་ཐག་གཅོད་བྱེད་པའི་གྲུབ་འབྲས་དངོས་ཚོར་ཐུབ་པ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་ལས་ཁུངས་དང་སྡེ་ཁག་ནང་གི་ལས་བྱེད་དཔུང་སྡེའི་སློབ་གསོ་དག་ཐེར་དམ་འཛིན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་ལ། དུས་ཚོད་ཐུང་ཐུང་ནང་ལས་འགན་ལྗི་ལ་བླང་བྱ་ཆེན་པོ་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཙོ་འགན་ཁུར་ནས་བརྗོད་དོན་སློབ་གསོར་འཆར་གཞི་དང་རྩ་འཛུགས། ལག་བསྟར་དོན་ཡག་མོ་བྱེད་དགོས་ལ། ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་འགན་ཁུར་དང་པོའི་འགན་འཁྲི་ལག་བསྟར་བྱས་ནས། དངོས་སུ་འཆར་འགོད་དང་བཀོད་འདོམས་སྔོན་ཐོན། ལྟ་སྐུལ་མཛུབ་སྟོན་བྱེད་དགོས། ཀྲུང་དབྱང་གིས་མཛུབ་སྟོན་ཚོ་ཆུང་མངགས་ནས། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་གནང་བ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་། ལས་རིགས་སྡེ་ཁག་དང་དོ་དམ་གཙོ་བོའི་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུ་ཡིས་སྐོར་ཞིབ་མཛུབ་སྟོན་ཚོ་ཆུང་མངགས་ནས། ཁོངས་གཏོགས་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་ལ་ལྟ་སྐུལ་མཛུབ་སྟོན་བྱེད་དགོས། ས་ཁུལ་དང་སྡེ་ཁག་གི་ལས་ཁུངས་སོ་སོས་ལྟེ་གནས་གཙོ་བོར་བཟུང་ནས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་དགོས་ལ། བརྗོད་དོན་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་པ་དང་ཟུང་དུ་སྦྲེལ་བ་དང་། ས་ཁུལ་རང་དང་སྡེ་ཁག་རང་། ལས་ཁུངས་རང་གི་ལྟེ་བའི་ལས་ཀ་དང་ཟུང་འབྲེལ་གང་ཐུབ་བྱེད་པ། ཕྱོགས་གཉིས་སུ་དམ་འཛིན་དང་ཕྱོགས་གཉིས་སྤེལ་གང་ཐུབ་བྱས་ནས། ཏང་ཡོན་དང་ལས་བྱེད་ཀྱིས་སློབ་སྦྱོང་དང་ལས་ཀའི་སྤྲོ་སེམས་དེ་དཀའ་སེལ་འགག་སྒྲོལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་སྒྱུར་དགོས་ཞེས་གསུངས་པ་རེད།
ཚའེ་ཆེ་ཡིས་ཕྱོགས་སྡོམ་གསུང་བཤད་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་བླང་བྱ་འགྲེལ་བཤད་གསལ་པོ་བྱས་པར་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ཏང་ཡོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་དེ་ནི། མར་ཁེ་སི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ནས། ཆད་ལྷག་གཅིག་ཀྱང་མེད་པར་ལག་བསྟར་བྱེད་དགོས། ཁྱོན་ཡོངས་ནས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་བར་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་དེ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག ཡིད་ཆེས་བཞི་ཇེ་བརྟན་གཏོང་བ། སྲུང་སྐྱོང་གཉིས་ཡག་མོ་སྒྲུབ་དགོས།
རྟོག་ཞིབ་ཞིབ་འཇུག་རྒྱ་ཆེར་སྤེལ་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པ་ཕྱོགས་སྡོམ་བྱེད་དགོས། གནད་དོན་དག་ཐེར་བྱེད་པ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་དང་། གནད་དོན་ལ་དམིགས་པ་དང་གནད་དོན་ལ་དམིགས་ནས་སློབ་སྦྱོང་། གནད་དོན་ལ་དམིགས་ནས་དག་ཐེར་བྱེད་དགོས། མགོ་བོ་སྒུར་ནས་དོན་དངོས་ཡག་མོ་བསྒྲུབས་ནས། སྤུས་མཐོའི་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཡང་དག་སྐྱོད་དེ། སློབ་གསོ་གསལ་པོ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། མི་སེར་གྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་ནས། མི་སེར་ལ་ཁེ་ཕན་བསྐྲུན་དགོས། འགོ་ཁྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཕབ་བ་དང་། ལྟ་སྐུལ་མཛུབ་སྟོན་ཇེ་དྲག་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་ལེགས་འགྲུབ་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་མིའི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་མིའི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་གྲོས་ཚོགས་ནང་ཞུགས་པ་རེད།
གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་བརྒྱུད་ནས་འཚོགས་པ་རེད། ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། ཞིང་ལྗོངས་གྲོང་ཁྱེར་སོ་སོ་དང་ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཁག་གི་འགོ་ཁྲིད་ཚོགས་པའི་ཁོངས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས། ཁེ་ལས་འགའ་ཤས། མཐོ་རིམ་སློབ་གྲྭ། དམག་དཔུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་སོ་སོའི་འགོ་འཛིན་དང་ཚོ་ཆུང་འགོ་འཛིན་གཞོན་པ་སོགས་གྲོས་ཚོགས་ནང་ཞུགས་པ་རེད།




