བསམ་བློ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།
| 2023-04-17 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

རྨོ་ཞིང་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོང་གི་བླང་བྱ་ཧ་ཅང་གསལ་པོ་ཡིན་དགོས་པ་དང་། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་ཐོན་ཚད་ངེས་པར་དུ་རྒྱས་རྒྱས་ལྷག་ལྷག་འགན་སྲུང་བྱེད་དགོས། རྨོ་ཞིང་ནི་རྨོ་ཞིང་ངོ་མ་ཡིན་དགོས་ལ། ངེས་པར་དུ་ས་ཞིང་གཤིན་པོ་ཡིན་དགོས་ཞེས་གསུངས་ཡོད། ད་ལོ་ནི་ཁྱོན་ཡོངས་ནས་རྨོ་ཞིང་སྲུང་སྐྱོང་བྱེད་པར་ཏང་སྲིད་འགན་འཁྲི་མཉམ་འཁུར་དགོས་པའི་ལོ་དང་པོ་ཡིན་པས། རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ཇེ་མགྱོགས་བཏང་ནས། འབྲུ་རིགས་ཉེན་མེད་ཡོང་བའི་རྨང་གཞི་བརྟན་པོ་བཏིང་ཡོད།
དཔྱིད་རྨོ་བདག་གཉེར་དུས་ལ། ས་གནས་སོ་སོས་བྱེད་ཐབས་མང་པོ་ལག་བསྟར་བྱས་ནས། ནུས་ཤུགས་ཡོད་རྒུས་རྨོ་ཞིང་ཐོན་ཁུངས་བརྟན་སྲུང་བྱེད་བཞིན་ཡོད། ད་ལོའི་རྒྱལ་ཡོངས་རང་བྱུང་ཐོན་ཁུངས་འཁོར་སྐར་པར་རིས་ཁྲིམས་འཛིན་ལས་དོན་ཟླ་བ་གཅིག་གི་སྔོན་ནས་སྤེལ་ཡོད་དེ། ས་གནས་ཁག་གིས་འཁོར་སྐར་རྒྱང་ཚོར་ལྟ་སྐུལ་ཚད་ལེན་སོགས་ཀྱི་ལག་རྩལ་བྱེད་ཐབས་ལ་བརྟེན་ནས་རྨོ་ཞིང་ལ་ཁྲིམས་འཛིན་ཐད་ཀྱི་ཞིབ་བཤེར་ལས་ཀ་གཙོ་བོ་སྤེལ་པ་རེད། ཧོ་པེ་པའོ་ཏིན་དུ། ས་གནས་དེ་གས་ལྟ་སྐུལ་ཚད་ལེན་ལས་བྱུང་བའི་རྨོ་ཞིང་སྲུང་སྐྱོང་ཐད་ཀྱི་རྒྱུན་ལྡན་མིན་པའི་ས་ཞིང་བཞི་བརྒྱ་ལྷག་གདམས་གསེས་བྱས་ནས། ཟླ་བ་གཉིས་ཀྱི་ནང་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཉིང་ཞ་དབྱིན་ཁྲོན་དུ། བབ་བསྟུན་ལྟ་སྐུལ་ཚད་ལེན་སྟེགས་བུས་རྨོ་ཞིང་ལ་དུས་མཚམས་ཡོངས་དང་ཁྱབ་ཁོངས་ཡོངས་ལ་ལྟ་སྐུལ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་བྱུང་ཡོད། ད་ལོར། ས་ཆ་མང་པོར་འཁོར་སྐར་པར་རིས་ཁྲིམས་འཛིན་གྱིས་ལྟ་ཞིབ་ཚད་ལེན་བྱེད་ཚད་ཇེ་མགྱོགས་ནས་ཇེ་མགྱོགས་གྱུར་ཡོད་ལ། ཐིག་ཚད་ཀྱང་ཇེ་མཐོ་ནས་ཇེ་མཐོར་འགྲོ་ཐུབ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོབ་ཐད་ཀྱི་ལས་ཀར་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད་དེ། དོམ་ཁྲ་སྲུང་སྐྱོབ་བྱེད་པ་ལྟར་རྨོ་ཞིང་སྲུང་སྐྱོབ་བྱེད་དགོས་པ་ནས། ནུས་པའི་བྱེད་ཐབས་བཙན་པོ་ལག་བསྟར་བྱེད་པའི་བར། རྨོ་ཞིང་གཞན་དུ་སྤྱོད་པ་དང་གཞི་རྩའི་རྨོ་ཞིང་ལ་འབྲུ་མི་འདེབས་པར་གཏན་འགོག་བྱེད་པ་དང་། ཞིང་ཁ་བཟུང་སྤྱོད་བྱེད་པ་དང་རང་བྱུང་ཆོས་ཉིད་དང་འགལ་ནས་སྡོང་འཛུགས་ལྗང་འགྱུར་བྱེད་པར་གཏན་འགོག་བྱེད་པ་ནས། རིམ་བཞིན་གཏན་གྱུར་གཞི་རྩའི་ཞིང་ཁ་ཚང་མ་ཚད་གཞི་མཐོ་བའི་ཞིང་ཁར་གྱུར་བ་སོགས་རེད།
ལོ་བཅུའི་རིང་། རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོབ་བཅའ་ཁྲིམས་ལམ་ལུགས་མ་ལག་མུ་མཐུད་དུ་ཇེ་ཞིབ་བཏང་ཡོད་དེ། ས་ཞིང་དོ་དམ་བཅའ་ཁྲིམས་དང་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སྔ་རྗེས་སུ་དག་བཅོས་ལག་བསྟར་བྱས་ཐོག ས་ཞིང་གཤིན་པོ་སྲུང་སྐྱོབ་བཅའ་ཁྲིམས་བཏོན་ནས། རྨོ་ཞིང་སྲུང་སྐྱོབ་དམིགས་འབེན་ཚད་ལེན་རིམ་པ་རེ་རེ་བཞིན་ལས་འགན་ནན་ཞིབ་བྱས་ཡོད། ཕར་གཏོང་ཚུར་ཡོང་དོ་མཉམ་པ་དང་བཟུང་གསབ་དོ་མཉམ་ལམ་ལུགས་མུ་མཐུད་དུ་བརྟན་པོ་བྱས་ཏེ། ཞིང་དཔོན་ལམ་ལུགས་ཀྱིས་ས་ཞིང་རེ་རེའི་ལས་འགན་མི་རེའི་ཕྲག་ལ་འཇོག་དགོས། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་དང་བྱེ་བ་དྲུག་ས་ཡ་ལྔ་དང་མུའུ་དུང་ཕྱུར་བཅོ་ལྔ་དང་བྱེ་བ་བཞི་ས་ཡ་དྲུག་ཡོད་པའི་གཏན་གྱུར་རྩ་བའི་ཞིང་ས་སྲུང་སྐྱོབ་དམིགས་འབེན་ལས་འགན་དེ། ༢༠༣༥ལོའི་བར་དུའང་མི་འགྱུར་མི་རུང་བའི་བླང་བྱ་གསལ་བོ་བཏོན་ཡོད་པ་རེད།
བྱེད་ཐབས་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོབ་ལས་ཀས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་རེད། མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་བཅུ་དགུ་དང་བྱེ་བ་གཅིག་ས་ཡ་བཞི་ལ་སོན་ཡོད་དེ། བསྟུད་མར་ལོ་གཉིས་ཀྱི་རིང་ལ་རྒྱལ་ཡོངས་རྨོ་ཞིང་བསྡོམས་འབོར་ཇེ་མང་སོང་ཡོད་ཅིང་། ༢༠༢༢ལོར་ལོ་སྟོད་དང་བསྡུར་ན་མུའུ་ས་ཡ་གཅིག་འབུམ་གསུམ་ཙམ་ཇེ་མང་སོང་ནས། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་བདུན་གྱི་རིང་ལ་རྒྱ་མ་དུང་ཕྱུར་ཁྲི་གཅིག་སྟོང་གསུམ་ཡན་ལ་རྒྱུན་འཁྱོངས་བྱེད་ཐུབ་པར་ཁག་ཐེག་བྱས་ཡོད།
ཀྲུང་གོའི་བཟོ་བཀོད་གླིང་གི་ཡོན་ཧྲི། ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་སློབ་གཙོ་ཙིའུ་ཞུའེ་ཞའོ་ཡིས། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན་ལ། ཀྲུང་ཧྭ་མི་རིགས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་རྨོ་ཞིང་གི་གལ་ཆེ་རང་བཞིན་ནན་གསུང་གནང་ཡོད། དེ་ཡིས་ང་ཚོ་ཏང་གི་བདེ་དུས་དོགས་ཟོན་བྱེད་སའི་མིང་རྒྱང་རིང་བ་དང་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཞིང་ལས་གནས་ཚུལ་རྟོག་ཞིབ་ཟབ་མོ་ཡོད་པར་མཚོན་ལ། ཀྲུང་གོའི་ཕོར་བ་སྔར་ལས་གང་བ་དང་སྔར་ལས་བརྟན་པོ་འཆང་ཐུབ་པ། གྲུབ་འབྲས་སྣ་མང་ཐོན་པ་བྱས་ནས། སྒོ་ཀུན་ནས་རྨོ་ཞིང་གི་འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་བརྟན་པོ་སྲུང་དགོས་ཞེས་བཤད་པ་རེད།
རྨོ་ཞིང་བརྟན་པོ་བཟོ་པའི་རྩ་བ་ནི། སོར་འཇོག་ས་ཞིང་བེད་སྤྱོད་ཡག་མོ་བྱེད་དགོས། དེང་སང་། ས་གནས་སོ་སོས་ས་ཞིང་མཁོ་རྐྱེན་དེ་ལས་གཞི་ལ་ཚུད་པ་བྱས་ཏེ། ཁྱོན་བསྡོམས་༢༠༡༨ལོའི་ལོ་མཇུག་སྔོན་ལ་ཞིབ་བཤེར་ཆོག་མཆན་གནང་རྗེས་ཕྱི་ལ་མཁོ་འདོན་བྱས་མེད་པ་དང་དེ་བཞིན་དུ་མཁོ་འདོན་བྱས་རྗེས་སོར་འཇོག་ས་ཞིང་མུའུ་བྱེ་བ་གཉིས་ས་ཡ་གཉིས་བེད་སྤྱོད་ཐུབ་ཡོད།
རྨོ་ཞིང་གི་རྨང་གཞི་བརྟན་པོ་བྱས་ནས། ས་ཞིང་དེ་ས་ཞིང་གཤིན་པོར་བསྒྱུར་དགོས། དེང་སང་། རང་བྱུང་ཐོན་ཁུངས་པུའུ་ཡིས་ས་ཞིང་སྣ་འཛོམས་དག་སྒྲིག་ལས་ཀའི་ཁྲོད། རྨོ་ཞིང་དེ་རི་ཆུ་ནགས་ཤིང་མཚེའུ་རྩྭ་ཐང་བྱེ་མ་གཅིག་གྱུར་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ཁྲོད་བསྡུ་ལེན་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཉེར་བརྒྱད་ནས། ཞང་དང་གྲོང་རྡལ་རྩ་བའི་ལག་བསྟར་བྱེད་ས་བྱས་ནས་ཚོད་གནས་བཞི་བརྒྱ་ཞེ་དྲུག་བཙུགས་པ་རེད།
རྨོ་ཞིང་གི་རྨང་གཞི་བརྟན་པོ་བྱས་ནས། ས་ཞིང་ཡག་པོ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བྱུང་འཇུག་དགོས། དེང་སང་། ས་གནས་སོ་སོས་བྱེད་ཐབས་མང་པོ་ལག་ལེན་བྱས་ནས་དུས་གཏན་གྱི་རྩ་བའི་ས་ཞིང་ལ་དུས་གཏན་སྲུང་སྐྱོབ་བྱེད་ཐབས་སྒྲིག་འཛུགས་བྱས་ཏེ། ལོ་ཕྱེད་རེའི་ནང་བེད་སྤྱོད་ཀྱི་ལྟ་ཞིབ་རེ་ལག་བསྟར་བྱེད་དགོས།
རྨོ་ཞིང་གི་རྨང་གཞི་བརྟན་པོ་བྱས་ནས། ཁྲིམས་དང་འགལ་ནས་ས་ཞིང་བདག་བཟུང་བྱེད་པར་དཀྱེལ་ཡངས་སྤུ་ཙམ་མེད་པས་དག་ཐེར་བྱེད་དགོས། ད་ལོར། རྨོ་ཞིང་སྲུང་སྐྱོབ་བྱེད་པར་ཏང་སྲིད་གཉིས་ཀྱི་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་ནི། ཁ་ཕོར་རུ་དམ་པོར་འཆང་ཐུབ་པར་འགན་མཉམ་ཁུར་དགོས་པ་རེད། ད་ལོར། རང་བྱུང་ཐོན་ཁུངས་པུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་དབང་མངའ་ཁོངས་ཀྱིས་འཆར་འགོད་བྱས་པའི་ཞིབ་བཤེར་དང་ཞིབ་བཤེར་ཆོག་མཆན་ཁྲོད། རྨོ་ཞིང་དང་དུས་གཏན་གྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་དམིགས་འབེན་ལས་འགན་རིམ་པ་བཞིན་མར་ལ་སྤྲད་དེ། ཐད་ཀར་ས་ཞིང་ལ་དོན་འཁྱོལ་བྱས་ནས། མུའུ་དུང་ཕྱུར་བཅོ་བརྒྱད་ཡོད་པའི་རྨོ་ཞིང་གི་མཐའ་ཐིག་སྲུང་བྱ་བརྟན་སྲུང་བྱེད་དགོས།




