ནམ་མཁའ་རྒྱན་གྱི་ཐང་ག་གསར་གཏོད་སྒྱུ་རྩལ་འགྲེམ་སྟོན་བྱས།
| 2024-07-02 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཐང་གའི་སྒྱུ་རྩལ་ལས་མངོན་པའི་གསར་བརྗེའི་དྲན་ཤེས་ཞེས་པའི་ནམ་མཁའ་རྒྱན་གྱི་ཐང་ག་གསར་གཏོད་སྒྱུ་རྩལ་འགྲེམ་སྟོན་བྱས།

ཟླ་༧པའི་ཚེས་༡ཉིན། ཀྲུང་གུང་བྲག་འགོ་རྫོང་ཨུ་དང་། བྲག་འགོ་རྫོང་མི་དམངས་སྲིད་གཞུང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཐང་གའི་སྒྱུ་རྩལ་ལས་མངོན་པའི་གསར་བརྗེའི་དྲན་ཤེས་ཞེས་པའི་ནམ་མཁའ་རྒྱན་གྱི་ཐང་ག་གསར་གཏོད་སྒྱུ་རྩལ་འགྲེམ་སྟོན་བྱེད་སྒོ་དེ་ཁྲེང་ཏུའུ་ཧྥུ་པའོ་མཛེས་རྩལ་ཁང་དུ་ཐོག་མའི་འགྲེམ་སྟོན་བྱས།
བྲག་འགོ་ནི་སི་ཁྲོན་དང་བོད་ལྗོངས། ཡུན་ནན། མཚོ་སྔོན་བཅས་སུ་བསྐྱོད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གནའ་ནས་བཟུང་ཇ་འདྲེན་རྡལ་ལམ་ཐོག་གི་རབ་ཏུ་འཚེར་བའི་མུ་ཏིག་ལྟ་བུ་ཆགས་ཤིང་། ཁྱད་པར་དུ་གནས་འདིར་གསར་བརྗེའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པར་མ་ཟད་། ད་དུང་ལ་གླུ་དང་ཐང་གའི་ཕ་ས། བོད་ཁང་གི་ཡུལ་གྲུ། གསར་བརྗེའི་གནས་རྙིང་ས་ཁུལ་སོགས་ཀྱི་མཚན་སྙན་ཀྱང་ཡོད། ༡༩༣༦ལོར། དམར་དམག་གིས་གནས་འདིར་ལོ་ཕྱེད་ཙམ་ངལ་གསོ་བྱས་ནས་རྗེས་ཀྱི་དཀར་མཛེས་དམག་དཔུང་མཉམ་འཛོམས་དང་བདེ་བླག་ངང་བྱང་ཕྱོགས་སུ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། དེ་བཞིན་དུ་ཐང་གའི་ལྷ་རིས་པ་གྲགས་ཅན་ནམ་མཁའ་རྒྱན་གནས་འདིར་སྐུ་འཁྲུངས་པ་ལས་ས་ཕྱོགས་འདིའི་རིག་གནས་ཀྱི་ཉིང་བཅུད་ཕུན་སུམ་ཇེ་ཚོགས་སུ་བཏང་། ༢༠༢༡ལོར། ནམ་མཁའ་རྒྱན་གྱི་ཐང་གའི་སྒྱུ་རྩལ་དེ་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཅན་གྱི་ལས་གཞིའི་མིང་ཐོ་ནང་ཚུད་ཡོད་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་དང་ལེན་ཧུར་བརྩོན་བྱ་ཆེད། བྲག་འགོ་རྫོང་གིས་ཕུལ་བྱུང་རིག་གནས་སྔོག་འདོན་གཏིང་ཟབ་དང་རྒྱུན་འཛིན་བྱས་ཤིང་། གསར་གཏོད་ལྡན་པའི་སྒོས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་ནམ་མཁའ་རྒྱན་གྱི་ཐང་གའི་སྒྱུ་རྩལ་དང་ས་གནས་ཀྱི་གསར་བརྗེའི་རིག་གནས་ཐོན་ཁུངས་གཉིས་ཟུང་འབྲེལ་མཉམ་སྤེལ་བྱས་ནས་གསར་བརྗེའི་རིག་གནས་དང་ཤུལ་བཞག་རིག་གནས་ཀྱི་༼བརྒྱ་ཐང་༽ལས་གྲྭ་སྟེ། ༼ཐང་གའི་སྒྱུ་རྩལ་ལས་མངོན་པའི་གསར་བརྗེའི་དྲན་ཤེས་༽ཞེས་པའི་ཐང་ག་མང་པོ་བཞེངས་པ་དེས་སླར་ཡང་དུས་རབས་གསར་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ནམ་མཁའ་རྒྱན་གྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་གསར་གཏོད་ཀྱི་ཁྱད་དུ་འཕགས་པའི་མཛེས་སྡུག་མངོན་ཡོད་པ་རེད།
ཐེངས་འདིའི་སྐོར་འགྲེམ་གྱི་དམིགས་ཡུལ་ནི་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་བྲག་འགོ་དང་བྲག་འགོའི་ནམ་མཁའ་རྒྱན་ཐང་གའི་སྒྱུ་རྩལ་གྱི་སྙན་གྲགས་ཇེ་ཆེར་གཏང་ནས།རྒྱུན་ཆད་མེད་པར་ཐང་གའི་ཕ་སའི་རིག་གནས་སྙིང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བྲག་འགོ་རྫོང་གི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་དེ་གསར་བརྗེའི་དྲན་ཤེས་དེ་ཐང་གའི་སྒྱུ་རྩལ་ཁྲོད་ནས་ནམ་ཡང་རྒྱུན་འཛིན་བྱ་རུ་འཇུག་རྒྱུ་དེ་ཡིན་པ་རེད།
ཡིག་སྒྱུར། མཚོ་ལྷ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




