བོད་ལྗོངས་ཀྱི་ལུས་རྩལ་པ་འདིས་རྟ་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་འདུག
| 2024-07-12 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་༧པའི་ཚེས་༡༡ཉིན།བོད་ལྗོངས་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་རིན་ཆེན་ལྷུན་གྲུབ་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལས་སྨི༣༠༠༠གི་རྟ་རྒྱུགས་འགྲན་བསྡུར་རྣམ་གྲངས་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ་དང་བཀྲ་ཤིས་ཕུན་ཚོགས་ཀྱིས་བྱ་དགའ་ཨང་གཉིས་པ་བླངས་འདུག
ཟླ་༧པའི་ཚེས་༡༠ཉིན། བོད་ལྗོངས་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་བསྟན་འཛིན་ཉི་མ་དང་བསྟན་འཛིན་བློ་ལྡན་གཉིས་ཀྱིས་རྟ་རྒྱུགས་མདའ་འཕེན་གྱི་རྣམ་གྲངས་ལས་བྱ་དགའ་ཨང་གཉིས་པ་རེ་རེ་བླངས་འདུག དེ་མིན་བསྟན་འཛིན་ཉི་མ་དང་བསྟན་འཛིན་བློ་ལྡན། བསྟན་འཛིན་བློ་གྲོས་སོགས་མི་གསུམ་གྱིས་རྟ་རྒྱུགས་མདའ་འཕེན་གྱི་རྣམ་གྲངས་ལས་ཚོགས་པའི་བྱ་དགའ་ཨང་གཉིས་པ་བླངས་འདུག ད་དུང་རིན་ཆེན་ལྷུན་གྲུབ་ཀྱིས་མི་རིགས་རྟ་རྒྱུགས་འགྲན་བསྡུར་གྱི་སྨི་༡༠༠༠གི་རྒྱུགས་འགྲན་རྣམ་གྲངས་ལས་བྱ་དགའ་ཨང་གཉིས་པ་བླངས་ཤིང་། བཀྲ་ཤིས་ཕུན་ཚོགས་དང་ལུའུ་ཅང་ཧྥུང་གཉིས་ཀྱིས་མི་རིགས་རྟ་རྒྱུགས་འགྲན་བསྡུར་གྱི་སྨི་༡༠༠༠གི་རྒྱུགས་འགྲན་རྣམ་གྲངས་ལས་བྱ་དགའ་ཨང་གསུམ་པ་རེ་རེ་བླངས་འདུག
ཡོང་ཁུངས། བོད་ལྗོངས་བརྙན་འཕྲིན་འཕྲིན་སྟེགས།




