བློ་མཐུན་ཏེང་ཞའོ་ཕིང་གི་དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱས།
| 2024-08-23 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གོའི་སྦྲག་སྲིད་ཁང་གིས་༼བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་བརྒྱ་དང་ཉི་ཤུ་འཁོར་བར་དྲན་གསོ་ཞུ་བའི་༽སྦྲག་རྟགས་འགྲེམས་སྤེལ་བྱས་ཤིང་། སྦྲག་རྟགས་དེ་ནི་དཀའ་སྤྱད་སློབ་གཉེར་དང་། འཐབ་འཛིང་གི་ལོ་ཟླ། ཚན་རིག་གི་དཔྱིད་དཔལ། བཅོས་བསྒྱུར་སྒོ་འབྱེད་བཅས་ཁག་བཞི་ལ་དབྱེ་ཡོད།



སྦྲག་རྟགས་འདི་ནི་སྣུམ་མཚོན་རི་མོའི་རྣམ་པའི་ཐོག་ནས་བཞེངས་ཤིང་། བློ་མཐུན་ཏེང་ཞའོ་ཕིང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་མི་སྣའི་ཉམས་འགྱུར་གསོན་ཉམས་ལྡན་པའི་སྒོ་ནས་བསྐྱར་དུ་མངོན་པར་མཚོན་ཡོད། སྦྲག་རྟགས་འདི་ནི་དྲ་དབྱིབས་དང་སྐུད་རིས་ཀྱི་བཟོ་རྩལ་ལ་བརྟེན་པ་ཡིན་པས། སྣང་བརྙན་འབུར་དུ་ཐོན་ཅིང་གསོན་ཉམས་ལྡན། དཔར་དུ་བཏབ་པའི་གོ་རིམ་ཁྲོད་ནས་འོད་དང་གཟུགས་ཀྱི་བསྡུར་བའི་སྙོམས་སྒྲིག་གཙིགས་སུ་བཟུང་བས། ཁ་དོག་ཕུན་སུམ་ཚོགས་ཤིང་། གདོང་གི་རྣམ་འགྱུར་གསལ་ལ། རི་མོ་ཕྲ་ཞིང་ཞིབ་པའི་དགེ་མཚན་འབུར་དུ་ཐོན་ཡོད།

སྦྲག་རྟགས་འདི་ནི་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གིས་མཉམ་དུ་གསར་གཏོད་བྱས་ཤིང་། པེ་ཅིང་སྦྲག་རྟགས་བཟོ་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གི་གློག་བརྙན་བཟོ་རྩལ་གྱིས་དཔར་སྐྲུན་བྱས་པ་དང་། སྦྲག་རྟགས་ཆ་ཚང་ལ་སྒོར་བཞི་དང་ཟུར་བརྒྱད་ཡིན་ལ། བསྡོམས་པོས་སྐོར་བདུན་བརྒྱ་དཔར་འགྲེམས་བྱེད་གྲབས་ཡོད།
སྦྲག་རྟགས་འདི་ནི་རྒྱལ་ཡོངས་ཀྱི་སྦྲག་སྲིད་དྲ་ཚུགས་དང་། སྦྲག་སྲིད་དྲ་ཁང་། ཀྲུང་གོའི་སྦྲག་སྲིད་ཀྱི་ཁ་པར་མགྲོན་སྣེ། ཀྲུང་གོའི་སྦྲག་སྲིད་ཀྱི་སྦྲག་སྲིད་ཆུང་གྲས་ཁང་གི་འཕྲིན་ཕྲན་དྲ་ཐོག་ཚོང་ཁང་སོགས་ནས་བཅོང་རྒྱུ་ཡིན་ལ། འཚོང་ཡུན་ཟླ་བ་དྲུག་རེད།




