འདི་ནི་ཚེ་སྲོག་གི་གཤེད་མ་ཡིན་པས་གཏན་དུ་སྤོང་བར་བྱ།
| 2025-06-26 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
དེ་རིང་སྟེ་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་ཐེངས་སོ་བརྒྱད་པའི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་རེད། དུས་རྫས་མྱོང་རོལ་ལས་ཚོར་བའི་སྤྲོ་སྣང་ནི་ཡུད་ཙམ་ལས་མེད་ཀྱང་དེ་ཡི་གནོད་པ་ནི་མི་ཚེ་གཅིག་གི་སྡུག་བསྔལ་ཡིན་པས་དུག་རྫས་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་བརླག་ཏུ་མི་འཇུག་པ་གལ་ཆེ། དུས་རྫས་ཐེངས་གཅིག་སྤྱད་པས་ཚེ་གཅིག་སྤོང་བ་དཀའ། དབྱིངས་ཞུགས་རྒྱུ་ཡོད་པ་ནི་དུག་རྫས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པ་རེད། དུག་འཐེན་ན་ཀླད་པའི་ནང་གི་ཏོ་པ་ཨན་ཞེས་པའི་དབང་རྩའི་བྱེད་ནུས་ལ་ངར་སློང་ཡོང་བ་རེད། དུག་རྫས་སྤྱོད་མཁན་མང་པོ་ཞིག་གིས་ཐེངས་གཅིག་འཐེན་པ་ཙམ་གྱིས་ཐེངས་རྗེས་མའང་འཐེན་ཤོར་བའི་དབྱིངས་ཞུགས་འགྲོ་བས་དེ་ལ་ཐེངས་རེར་ཚོད་ལྟ་བྱེད་ནས་འཐེན་པ་སོགས་རྩ་བ་ནས་བྱ་མི་རུང་། དུག་རྫས་ཀྱིས་མིའི་ཀླད་པའི་ནང་གི་དབང་རྩའི་བྱེད་ནུས་ལ་འགྱུར་བ་གཏོང་གི་ཡོད་པས་ཡུན་རིང་དུག་འཐེན་ན་དབྱིངས་ཞུགས་འགྲོ་བ་མ་ཟད། དེས་སྤྲོ་སྣང་དྲག་པོ་སློང་ནས་མི་རྣམས་ཀྱིས་ཟས་ཟ་བ་དང་འགུལ་སྤྱོད་བྱེད་པ་སོགས་རྒྱུན་ལྡན་འཚོ་བའི་ནང་གི་སྐྱིད་སྣང་མྱོང་ཐུབ་ཀྱི་མེད། དུག་འཐེན་མཁན་ཚོས་རྒྱུན་ཆད་མེད་པར་མི་གཞན་ལ་དུག་འཐེན་པར་བསླུ་བྲིད་བྱས་པ་བརྒྱུད་དུག་རྫས་ཉོ་སྤྱད་ཀྱི་དངུལ་གཡོ་ལེན་བྱེད་ཀྱི་ཡོད་པས་ཁོང་ཚོས་ངོ་སྤྲོད་བྱས་པའི་རིན་མེད་རིགས་ལ་ཚོད་ལྟ་རྩ་བ་ནས་བྱ་མི་རུང་ལ། དེ་ནི་མི་རྣམས་ལམ་ལོག་ཏུ་ཁྲིད་པའི་གཡོ་རྒྱུ་ཁོ་ན་ཡིན། དུག་འཐེན་མང་པོ་ཞིག་དང་པོར་གྲོགས་པོ་ངན་པའི་འགྲམ་ནས་ལོབས་ཡོང་བ་རེད། དུག་འཐེན་མཁན་གྱིས་རྒྱུ་ནོར་འབོར་ཆེན་བཏང་ནས་དུག་རྫས་ཉོ་བ་དང་། ཐ་ན་ཁྱིམ་ཚང་གང་པོར་བུ་ལོན་ནང་ལྷུང་བཅུག་པ་རེད། ཁོ་ཚོས་ད་དུང་དུག་འཐེན་པའི་དབང་གིས་ཁོང་ཁྲོ་ཚོད་འཛིན་མི་ཐུབ་པར་ཁྱིམ་མི་ལ་གནོད་འཚེ་གཏོང་བ་མ་ཟད། བྱིས་པའི་ལུས་སེམས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དུག་རྫས་ཀྱིས་མིའི་སེམས་ཤུགས་མེད་པ་བྱེད་འགྲོ་ལ། དབྱིངས་ཞུགས་མཁན་གྱི་ལུས་སེམས་གཉིས་ཀ་དེ་ཡི་དབང་དུ་ཤོར་ནས་ཐར་བའི་སྐལ་བ་མེད་པས་ཐེངས་མ་རེ་ལ་འཐེན་ནའང་ཚེ་སྲོག་ལ་གནོད་པ་ཆེ་བ་རེད། དུག་དངུལ་ཚོགས་པས་དུག་འཚོང་ཚོགས་པའི་བྱ་འགུལ་ལ་རོགས་པ་བྱེད་པ་མ་ཟད་དུག་འཚོང་མཁན་རྣམས་ལ་དུག་རྫས་སྤུས་དག་དང་བཀོལ་ཆས་ལེགས་པོ་ལོན་ཐབས་བྱེད་པ་རེད། དུག་འཛིན་ཉེན་རྟོག་པས་ལོ་ལྟར་དུག་འཚོང་མཁན་དང་ཤི་འཐབ་རོ་འཐབ་བྱེད་བཞིན་ཡོད་པས་སྤྱི་བདེ་མ་ལག་ཁྲོད་རང་སྲོག་བློས་གཏོང་མཁན་མང་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།
ཁྱེད་ཀྱིས་དུག་འཐེན་རྒྱུ་ཚོད་འཛིན་ཐུབ་སྣང་ཤར་ཀྱང་། དེ་ཡིས་ཁྱེད་རང་སྔར་ནས་དབང་དུ་བསྡུས་ཟིན།
དུས་རྫས་མྱོང་རོལ་ལས་ཚོར་བའི་སྤྲོ་སྣང་ནི་ཡུད་ཙམ་ལས་མེད་ཀྱང་དེ་ཡི་གནོད་པ་ནི་མི་ཚེ་གཅིག་གི་སྡུག་བསྔལ་ཡིན། དུག་རྫས་འཐེན་ན་ཐད་ཀར་ཀླད་པ་དང་སྙིང་། མཆིན་པ། སེམས་ཁམས་སོགས་ལ་གནོད་སྐྱོན་ཐེབས་ཏེ། དབང་བོ་ཉམས་པ་སོགས་ཚབས་ཆེ་ན་སྲོག་ཉེན་འབྱུང་སྲིད།
དུག་འཐེན་རོགས་ནི་ཁྱེད་ལ་བློ་དཀར་བའི་གྲོགས་པོ་ཞིག་ཡིན་མི་སྲིད།
རང་ཉིད་བརླག་པ་མ་ཟད་ཁྱིམ་མི་ལའང་གནོད་པ་སྐྱེལ་འགྲོ།
དུག་འཐེན་པ་ནི་ཕྱིར་ལྡོག་ཐབས་མེད་པའི་ལམ་ཞིག་རེད།
དུག་རྫས་འཚོང་མཁན་གྱིས་དུག་རྫས་ཟས་རིགས་སུ་རྫུན་བཟོ་བྱེད་ཀྱི་ཡིན་པས་ཡོང་ཁུངས་མི་གསལ་པའི་བཟའ་བཅའ་རིགས་མ་ཟོས་ན་ལེགས། དུག་རྫས་དེ་ཐབས་མཁས་པའི་སྒོ་ནས་ཀ་ར་དང་། འོ་ཇ། ལྕོ་ལེ་སོགས་སུ་རྫུན་བཟོ་བྱེད་སྲིད། ཡོང་ཁུངས་གསལ་པོ་མེད་པའི་སིལ་ཟས་དང་དྲི་མ་ཁྱད་པར་ཡོད་པའི་ཟས་རིགས་ལ་ངེས་པར་དུ་དོགས་ཟོན་བྱེད་དགོས། ཟས་རིགས་འདི་དག་ནི་དུག་རྫས་ཡིན་སྲིད།
དུག་རྫས་ནི་དུག་འཛིན་ཉེན་རྟོག་པའི་ཞེ་འཁོན་གཙོ་བོ་ཡིན། 




