དེ་རིང་སྟེ༢༠༢༤ལོའི་ཟླ་༩པའི་ཚེས་༣༠ནི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན།
| 2024-09-30 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

དེ་རིང་སྟེ༢༠༢༤ལོའི་ཟླ་༩པའི་ཚེས་༣༠ནི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན།
ཁོང་ཚོ།
སྐུ་འཚོ་བའི་རིང་འཇིག་པ་མེད་པའི་དཔའ་བོ་དེ་ཡིན་ལ།
སྐུ་གཤེགས་པའི་རྗེས་གཡོ་བ་མེད་པའི་རི་བོ་དེ་ཡིན་ཨང་།
གསར་བརྗེའི་གཡུལ་འགྱེད་ཀྱི་མེ་ལྕེའི་དབུས་སམ།
བསྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཕྲེང་མདུན་ནམ།
ཡང་ན་དབུལ་བྲལ་འགག་སྒྲོལ་གྱི་གཡུལ་ས་དེ་ནས།
སྟོང་ཕྲག་ཁྲི་ཁྲག་ལས་གྲུབ་པའི་ཁོང་ཚོ་ནི།
མི་ཡི་སྐྱེས་བུ་རེ་རེ་ནས་རིགས་ཀྱི་དཔུང་ཆེན་ཞིག་སྟེ།
འོད་ཀྱི་ཐིགས་པ་རེ་རེ་ནས་མེ་ཡི་ལྷུན་པོ་ཞིག
རྡུལ་གྱིས་བསྐྲུན་པའི་མཆོད་རྟེན་བཞིན་གཡོ་བ་མེད་པར།
ང་ཚོའི་དྲན་ངོས་ཀྱི་མེ་ལོང་ནང་།
རབ་ཏུ་འཚེར་བའི་སྐར་འོད་ལྟར་འཁྱིལ།
སྨྲ་བ་མེད་པའི་ལོ་ཟླའི་ཁྲོད་འགྱིང་ངེར་ལངས་པའི་རྡོ་རིང་ནི་དཔང་པོ་ཡིན་ལ།
དཀའ་སྡུག་གྲངས་མེད་བརྒྱུད་ནས་ཉམས་ཆགས་མེད་པར་མདུན་དུ་སྐྱོད་པའི་རྒྱལ་ཁབ་ཅིག་གིས།
དུས་ནམ་ཡང་།
ཁྲག་གིས་རྒྱལ་མཚོ་འཁྱིལ་བའི་གཡུལ་ས་ནས། ཚེ་སྲོག་མར་མེ་རུ་སྒྲོན་པའི་རྒྱབ་གཟུགས་དེ་དག
དཔའ་ངར་དང་སྙིང་སྟོབས་ཀྱིས་ཁེངས་ཤིང་།
ཕུགས་འདུན་དང་ལ་རྒྱའི་ཆེད་དུ། རང་ལུས་སྐྱེས་སུ་འབུལ་བའི་དཔའ་བོ་ཚོ་བརྗེད་མི་སྲིད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ཚེས་རན་པའི་དུས།
ང་ཚོས་རྒྱལ་ཁབ་ཀྱི་ཚབ་བྱེད་ནས།
སྔོན་གཤེགས་དཔའ་བོ་རྣམས་ལ་སྙིང་ནས་གུས་འདུད་ཞུ།
མི་དམངས་ཀྱི་དཔའ་བོ། མི་ནུབ་ཡུན་དུ་གནས་པར་ཤོག




