ཐེ་རོན་ཕུ་ཡིས་འདར་དབྱངས་བརྙན་སྟེགས་༼ TikTok ༽ཨ་རི་ནས་གནས་སྐབས་སུ་མུ་མཐུད་དེ་གཉེར་སྐྱོང་བྱེད་ཆོག་པའི་འདོད་ཚུལ་བསྟན་ཡོད།
| 2024-12-24 来源: | 分享: |

ཚེས་22ཉིན་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུ་ཡིས་ཡ་ལི་སང་ནཱ་ཁུལ་དུ་འཚོགས་པའི་རྙིང་ཞེན་ཤོག་ཁག་གི་ཚོགས་ཆེན་ཞིག་གི་ཐོག་འདར་དབྱངས་བརྙན་སྟེགས༼TikTok༽འདི་ཨ་རི་ནས་གནས་སྐབས་མུ་མཐུད་དེ་གཉེར་སྐྱོང་བྱེད་ཆོག་པར་མོས་མཐུན་ཡོད་ཅེས་བཤད། ཁོས་ད་དུང་འཕྲིན་སྟེགས་འདིའི་ཐོག་ཚང་མས་ང་ཚོ་ལ་བསམ་འཆར་ལེགས་པོ་བཏོན་ཡོད་པ་མ་ཟད། ལྟ་ཀློག་ཐེངས་གྲངས་དུང་ཕྱུར་བཅུ་ཙམ་ཟིན་ཡོད་པས་གཅིག་བྱས་ན་འཕྲིན་སྟེགས་འདི་གནས་སྐབས་སྤྱད་དུ་འཇུག་ན་ཆོག་པ་བསྟན།
ད་ལོའི་ཟླ་4པའི་ཚེས་24ཉིན་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི་ཁྲིམས་དོན་གྲོས་གཞི་ཞིག་ལ་མིང་རྟགས་བཀོད་དེ་༼TikTok༽མ་གཞིའི་སྤྱི་གཉེར་ཁང་ཉིན་270ཡི་ནང་༼TikTok༽ཀྲུང་གོའི་བདག་དབང་མིན་པའི་ཁེ་ལས་པར་འཚོང་དགོས་པའི་བླང་བྱ་བཏོན་པ་དང་དེ་ལྟར་མ་བྱས་ཚེ་བཀོལ་སྤྱོད་བསྒྲིགས་རིམ་དེ་ཨ་རི་ནས་བཀོལ་སྤྱོད་མི་ཆོག་པར་བྱ་རྒྱུ་ཡིན་པ་བསྟན་ཡོད།
དེ་མིན་གསར་འགྱུར་ལས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་16ཉིན། འདར་དབྱངས་བརྙན་ཐུང་འཕྲིན་སྟེགས་༼TikTok༽སྤྱི་གཉེར་ཁང་གིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཨ་རི་སྲིད་གཞུང་གིས་འཕྲིན་སྟེགས་དེར་དམིགས་པའི་བཙན་ཤེད་ཀྱིས་ཕྱིར་ཚོང་བྱེད་བཅུག་པའི་བཀའ་རྒྱ་གནས་སྐབས་སུ་བཀག་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཚེས་18ཉིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་བཙན་ཤེད་ཀྱིས་ཕྱིར་ཚོང་བྱེད་བཅུག་པའི་བཀའ་རྒྱ་དེ་རྩ་ཁྲིམས་ལས་འགལ་བ་ཡིན་མིན་གྱི་གྱོད་གཞིར་མགྱོགས་མྱུར་འདྲི་ཞིབ་བྱ་རྒྱུ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སང་ལོའི་ཟླ་1པའི་ཚེས་10ཉིན་དེའི་ཐད་གྱོད་གཞིར་བཤེར་རྩོད་བྱ་རྒྱུ་ཡིན་པ་བསྟན།
ཡོང་ཁུངས། སི་ཁྲོན་ལྟ་ཞིབ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།





