དེ་རིང་ས་ཆ་འདི་དག་ལ་ས་འགུལ་བྱུང་འདུག
| 2025-01-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་1པོའི་ཚེས་4ཉིན་གྱི་ཆུ་ཚོད་6དང་སྐར་མ་45ཐོག་སི་ཁྲོན་དཀར་ཁུལ་དར་མདོ་གྲོང་ཁྱེར་དུ་ཚད་རིམ་3.0ཅན་གྱི་ས་འགུལ་བྱུང་བ་དང་། འགུལ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་8དང་འགུལ་ལྟེ་ནི་འཕྲེད་ཐིག་བྱང་མ་ཏུའུ་29.52དང་གཞུང་ཐིག་ཤར་མ་ཏུའུ་10188ཡིན་པ་རེད།
ས་འགུལ་འབྱུང་སྐབས་ཀྱི་ས་བབས་ཆགས་ཚུལ།

སྔོན་ཆད་ས་འགུལ་བྱུང་མྱོང་བའི་གནས་ཚུལ་སྐོར། ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གི་དྲ་བས་མྱུར་འཕྲིན་སྤེལ་བའི་རེའུ་མིག་ལྟར་ན། ས་འགུལ་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་200ནང་ཉེ་བའི་ལོ་5རིང་ཚད་རིམ་3ཡན་གྱི་ས་འགུལ་ཁྱོན་བསྡོམས་ཐེངས་108བྱུང་བ་དང་། ས་འགུལ་ཆེ་ཤོས་ནི་2022ལོའི་ཟླ་9ཚེས་5ཉིན་སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་བྱུང་མྱོང་བའི་ཚད་རིམ་6.8གྱི་ས་འགུལ་དེ་ཡིན་ལ། ཐེངས་འདིའི་ས་འགུལ་ལྟེ་བའི་བར་སྤྱི་ལེ་21ཡོད། ཚད་རིམ་ཆེ་ཆུང་གི་ས་འགུལ་ཐེངས་50བྱུང་མྱོང་བའི་གནས་ཚུལ་རི་མོ་གཤམ་གསལ་ལྟར།
ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་1པོའི་ཚེས་4ཉིན་གྱི་ཆུ་ཚོད་1དང་སྐར་མ་14ཐོག་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་དུ་ཚད་རིམ་2.9ཅན་གྱི་ས་འགུལ་བྱུང་ཞིང་། འགུལ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10པ་དང་། འགུལ་ལྟེ་ནི་འཕྲེད་ཐིག་བྱང་མ་ཏུའུ་38.37དང་གཞུང་ཐིག་ཤར་མ་ཏུའུ་106.25ཡིན་པ་རེད།

ས་འགུལ་འབྱུང་སྐབས་ཀྱི་ས་བབས་ཆགས་ཚུལ།

སྔོན་ཆད་ས་འགུལ་བྱུང་མྱོང་བའི་གནས་ཚུལ་སྐོར། ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁག་གི་དྲ་བས་སྤེལ་བའི་མྱུར་འཕྲིན་རེའུ་མིག་ལྟར་ན། ས་འགུལ་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་200ནང་ཉེ་བའི་ལོ་5རིང་ཚད་རིམ་3ཡན་གྱི་ས་འགུལ་ཁྱོན་བསྡོམས་ཐེངས་21བྱུང་ཡོད་པ་དང་ས་འགུལ་ཆེ་ཤོས་ནི་2023ལོའི་ཟླ་12པའི་ཚེས་31ཉིན་ཀན་སུའུ་པའེ་དབྱིན་གྲོང་ཁྱེར་ཕིང་ཁྲོན་ཆུས་སུ་བྱུང་བའི་ཚད་རིམ་4.9ཅན་གྱི་ས་འགུལ་ཡིན་ལ།ཐེངས་འདིའི་ས་འགུལ་གྱི་ལྟེ་བའི་བར་ཐག་ལ་སྤྱི་ལེ་212ཡོད་པ་རེད། ས་འགུལ་བྱུང་མྱོང་བའི་རི་མོ་ནི་གཤམ་གསལ་ལྟར།
ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་1པོའི་ཚེས་4ཉིན་གྱི་ཆུ་ཚོད་1དང་སྐར་མ་41ཐོག་ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་ཧྲ་ཡ་རྫོང་དུ་ཚད་རིམ་3.2ཅན་གྱི་ས་འགུལ་བྱུང་བ་དང་། འགུལ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་18ཡིན་ལ།འགུལ་ལྟེ་ནི་འཕྲེད་ཐིག་བྱང་མ་ཏུའུ་41.05དང་གཞུང་ཐིག་ཤར་མ་ཏུའུ་83.42ཡིན་པ་རེད།
ས་འགུལ་འབྱུང་སྐབས་ཀྱི་ས་བབས་ཆགས་ཚུལ།
སྔོན་ཆད་ས་འགུལ་བྱུང་མྱོང་བའི་གནས་ཚུལ་སྐོར། ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གི་དྲ་བས་སྤེལ་བའི་མྱུར་འཕྲིན་རེའུ་མིག་ལྟར་ན།ས་འགུལ་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་200ནང་ཉེ་བའི་ལོ་5རིང་ཚད་རིམ་3ཡན་གྱི་ས་འགུལ་ཁྱོན་བསྡོམས་ཐེངས་485བྱུང་བ་དང་།ས་འགུལ་ཆེ་ཤོས་ནི་2023ལོའི་ཟླ་1ཚེས་30ཉིན་ཞིན་ཅང་ཨ་ཁེ་སུའུ་ས་ཁུལ་ཧྲ་ཡ་རྫོང་དུ་བྱུང་བའི་ཚད་རིམ་6.1ཅན་གྱི་ས་འགུལ་ཡིན་ལ།ཐེངས་འདིའི་ས་འགུལ་ལྟེ་བའི་བར་སྤྱི་ལེ་150ཡོད་པ་རེད།ཚད་རིམ་ཆེ་ཆུང་གི་ས་འགུལ་ཐེངས་50བྱུང་མྱོང་བའི་གནས་ཚུལ་རི་མོ་གཤམ་གསལ་ལྟར།
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




