མིག་སྔར་དིང་རི་རྫོང་གི་ས་འགུལ་ཁྲོད་མི་དགུ་རྐྱེན་ལམ་དུ་ཤོར་འདུག
| 2025-01-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ལྔའི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་འགུལ་ཚད་རིམ་དྲུག་ཚེག་བརྒྱད་བྱུང་། རྫོང་ཐོག་དང་དེའི་མཐའ་འཁོར་དུ་འགུལ་ཚོར་དྲག་པོ་བྱུང་བ་དང་། འགུལ་ལྟེའི་ཉེ་འགྲམ་གྱི་ཁང་པ་མི་ཉུང་བ་ཞིག་བརྡིབས་འདུག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ཁང་གི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། མིག་སྔར་མི་དགུ་རྐྱེན་ལམ་དུ་ཤོར་བ་རེད། སྔ་དྲོའི་ཆུ་ཚོད་བཅུ་པའི་བར་ཁྱོན་བསྡོམས་འགུལ་ལྷག་ཐེངས་མང་ཟིན་ཐོར་བཀོད་པ་དང་། དེའི་ནང་འགུལ་ལྷག་ཆེ་ཤོས་ཚད་རིམ་བཞི་ཚེག་བཞི་རེད།
དིང་རི་རྫོང་གི་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ས་གནས་དེས་འགྲིམ་འགྲུལ་དང་། ཆུ་བེད། སྡོད་ཁང་འཛུགས་སྐྲུན། ཤང་དང་གྲོང་རྡལ། དེ་བཞིན་གྲོང་ཚོའི་བཅའ་སྡོད་ལས་བྱེད་སོགས་བཏང་ནས་རོགས་སྐྱོབ་བྱེད་པ་དང་། དུས་མཚུངས་སུ་མང་ཚོགས་བདེ་འཇགས་ངང་ཕྱིར་འཐེན་སྒྲིག་འཛུགས་བྱས་ནས། འགུལ་ལྷག་གི་གནོད་སྐྱོན་སྔོན་འགོག་བྱེད་བཞིན་ཡོད་ཅེས་བཤད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། འགུལ་ལྟེ་ཉེ་འཁོར་གྱི་སྤྱི་ལེ་ཉི་ཤུའི་ཁྱབ་ཁོངས་ནང་མི་གྲངས་དྲུག་སྟོང་དགུ་བརྒྱ་ཙམ་ཡོད་པ་དང་། འགུལ་ལྟེ་ཉེ་འཁོར་གྱི་སྤྱི་ལེ་ཉི་ཤུའི་ཁྱབ་ཁོངས་ནང་ཤང་དང་གྲོང་རྡལ་དང་ཁྲོམ་སྲང་གི་བཅའ་སྡོད་བྱ་ཡུལ་གསུམ་དང་གྲོང་ཚོ་ཉེར་བདུན་ཡོད།
ཡོང་ཁུངས། ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




