ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་འགུལ་ཐད་མཛུབ་སྟོན་གནང་།
| 2025-01-07 来源:ཁམས་པའི་བརྙན་འཕྲིན་དྲ་བ། | 分享: |
ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་འགུལ་ཚད་རིམ་༦.༨བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ས་འགུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ཚེས་བདུན་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུའི་བར་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ས་འགུལ་ལས་མི་༥༣རྐྱེན་ལམ་དུ་ཤོར་བ་དང་མི་༦༢རྨས་སྐྱོན་ཕོག་ཡོད་པ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་རིམ་པ་གཉིས་པའི་བབ་བསྟུན་དང་ལེན་བྱེད་འགོ་བཙུགས་ཡོད།
ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་འགུལ་ཚད་རིམ་༦.༨བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། དགུན་ཁ་བདེ་འཇགས་དང་དྲོ་སྐྱིད་ངང་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་།
ཡོང་ཁུངས། ངེད་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་གསར་འགྱུར།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།

གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们 ![]()
微信号 :weikangba
新浪微博 :康巴藏语卫视


ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག





