ཐེ་རོན་ཕུས་ཁེ་ན་ཏ་ཨ་རིའི་མངའ་སྡེར་བསྒྱུར་རྒྱུའི་འདོད་ཚུལ་བསྟན།
| 2025-02-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཞིན་ཧྭ་གསར་འགྱུར་ཁང་༼ཝ་ཧྲིན་ཏོན་༽ནས་ཟླ་༢པའི་ཚེས་༩ཉིན་གློག་འཕྲིན་འབྱོར་གསལ་ལྟར་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས་༩ཉིན་ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་བཅར་འདྲི་ཚན་པ་ཞིག་ནང་ཁེ་ན་ཏ་འདི་ཨ་རིའི་ཀྲོའུ་༥༡པར་འགྱུར་སྲིད་པའི་རྣམ་འགྱུར་བསྟན་པ་དང་ཁོས་ད་དུང་དོན་དེ་དངོས་གནས་ཡིན་ཟེར།
ཨ་རིའི་ཧྥུའུ་ཁེ་སི་གསར་འགྱུར་འཕྲིན་ལམ་གྱི་གསར་འགོད་པས་བཅར་འདྲི་བྱེད་སྐབས་ཐེ་རོན་ཕུ་ལ་ཁེ་ན་ཏ་དངོས་གནས་ཨ་རིའི་མངའ་འོག་ཏུ་བསྡུ་རྒྱུ་ཡིན་མིན་ཞེས་འདྲི་དུས་ཐེ་རོན་ཕུ་ཡིས་ཡིན་ཞེས་ལན་བཏབ་པར་མ་ཟད་ཁོས་བསམ་ན་ཁེ་ན་ཏ་ཨ་རིའི་ཀྲོའུ་༥༡པར་པར་གྱུར་ན་དེ་བས་ལེགས་པ་ཡིན་ལ། རྒྱུ་མཚན་ནི་ང་ཚོས་ལོ་ལྟར་ཁེ་ན་ཏ་ནས་ཨ་སྒོར་དུང་ཕྱུར་༢༠༠༠གི་གྱོང་རག་གི་ཡོད། གནས་ཚུལ་འདིའི་རིགས་ངས་མུ་མཐུད་ནས་འབྱུང་དུ་འཇུག་རྒྱུ་མིན་ཞེས་ལན་བཏབ།
གཞན་ཡང་ཚེས་༧ཉིན་ཁེ་ན་ཏའི་རླུང་འཕྲིན་སྤྱི་གཉེར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་དང་ལྷན་དུ་འཚོགས་པའི་ནང་ཁོངས་ཚོགས་འདུ་ཞིག་གི་ཐོག་ཁོང་དང་ཐེ་རོན་ཕུ་ཡིས་གྲོས་གཞི་ཁག་ཅིག་གྲོས་བསྡུར་བྱེད་སྐབས་སྐུ་ཞབས་ཐེ་རོན་ཕུ་ཡིས་སྟབས་བདེ་ཤོས་ནི་ང་ཚོའི་རྒྱལ་ཁབ་ཁྱུར་མིད་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ་དེ་ནི་ངོ་མ་རེད་ཅེས་བཤད་ཡོད། ཐེ་ལུའུ་ཏུའོ་ཡིས་སྐད་ཆ་འདི་བཤད་ཚར་རྗེས་ད་གཟོད་སྒྲ་དུང་སྒོ་རྒྱག་མེད་པ་དྲན་པ་རེད། ད་དུང་ཚོགས་ཞུགས་མི་སྣས་བཤད་རྒྱུར་ཐེ་ལུའུ་ཏུའོ་ཡིས་ཁོང་ཚོས༼ཨ་རི་བ༽ང་ཚོར་ཐོན་ཁུངས་ག་ཚོད་ཡོད་པ་ཧ་ཅང་གསལ་པོ་ཤེས་བཞིན་ཡོད་པར་མ་ཟད་ལྷག་པར་དུ་ཐོན་ཁུངས་དེ་དག་ཁྲོད་ནས་ཁེ་ཕན་ཐོབ་འདོད་ཡོད་ཅེས་བསྟན།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




