ཁ་སང་དགོང་མོ་ནས་རྒྱལ་ནང་གི་སྣུམ་གོང་འཕར་འདུག
| 2025-06-05 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་ལྟར་ན། རྒྱལ་སྤྱིའི་སྣུམ་གོང་འཕར་བའི་རྐྱེན་གྱིས་རྒྱལ་ནང་གི་རླངས་སྣུམ་དང་བུད་སྣུམ་གྱི་རིན་གོང་ཡང་ཟླ་དྲུག་པའི་ཚེས་གསུམ་ཉིན་གྱི་མཚན་གུང་གི་ཆུ་ཚོད་བཅུ་གཉིས་ཐོག་ནས་མཐོ་རུ་བཏང་། ད་ཐེངས་སྣུམ་རིན་ལེགས་སྒྲིག་གི་ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར།
ཟླ་༦པའི་ཚེས་༣ཉིན་གྱི་མཚན་གུང་གི་ཆུ་ཚོད་བཅུ་གཉིས་ཐོག་ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་བུད་སྣུམ་ཏུན་རེར་སོ་སོར་སྒོར་༦༥དང་སྒོར་༦༠འཕར་བ་རེད། རྒྱལ་ཡོངས་ཀྱི་ཆ་སྙོམས་ངོས་ནས་བལྟས་ན། རླངས་སྣུམ་ཨང་རྟགས་༩༢དང་། རླངས་སྣུམ་ཨང་རྟགས་༩༥། བུད་སྣུམ་ཨང་རྟགས་༠བཅས་སོ་སོར་ཧྲེང་རེར་སྒོར་༠.༠༥འཕར་ཡོད། དཔེར་ན་རླངས་སྣུམ་ཨང་རྟགས་༩༢ཅན་སྒམ་གཅིག་ལ་ཧྲེང་༥༠བླུགས་ན་སྒོར་༢.༥འཕར་ཡོད།
关键词 >>




