མཐོ་རྒྱུགས་ལ་ཞུགས་མཁན་ཡོངས་ལ་བཀྲ་ཤིས་སྨོན་འདུན་ཞུ།
| 2025-06-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རབ་འབྱམས་ཤེས་བྱའི་ཆུ་གཏེར་ཆེན་པོ་ལས། །
རང་བློའི་བུམ་བཟང་རྒྱན་པའི་ཤེས་བྱའི་རྒྱུན། །
རིག་པའི་སྨྱུག་ཁའི་རྩེ་ལ་ལེགས་དྲངས་ནས། །
རེ་བའི་ཕུགས་འདུན་དཀར་ནག་རིས་སུ་ཕོབ། །
དེ་རིང་ནི་༢༠༢༥ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ཉིན་དང་པོ་རེད། སློབ་གྲོགས་ཚོ། ཡིད་ཆེས་ཀྱི་དབུ་འཕང་དགུང་ལ་བཏེགས་ཤིང་། བློ་གྲོས་ཀྱི་སྒོ་མོ་ཡངས་པར་ཕྱེ་ནས་རྒྱུགས་ར་ལ་ཕེབས་དང་། དྲིན་ཆེན་ཕ་མ་དང་། དགེ་རྒན་དམ་པ། ཤ་ཚ་གཉེན་དུ། ཐ་ན་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཁྱེད་ཚོ་ལ་དོ་ཁུར་དང་སྨོན་འདུན་ཞུ་བཞིན་ཡོད་པས། མཐའ་མཇུག་གི་རྒྱལ་ཁ་ཁྱེད་ཚོ་ལ་དབང་སྲིད་པ་དང་། རེ་བའི་ཕུགས་འདུན་འགྲུབ་པར་ང་ཚོས་རེ་སྒུག་དང་ཡིད་ཆེས་བྱས་ཡོད།

ལྷ་ས་སློབ་འབྲིང་གི་རྒྱུགས་ར་ན་སློབ་མ་ཚོ་རྒྱུགས་ར་ནང་འགྲོ་བཞིན་པ། པར་ལེན་མཁན་པདྨ་ཚེ་དབང་།
གཞིས་ཀ་རྩེ་གྲོང་ཁྱེར་ཆི་ལུའི་སློབ་འབྲིང་གི་སློབ་མ་ཚོ་གོ་རིམ་ལྡན་པའི་ངང་རྒྱུགས་ར་ནང་འགྲོ་བཞིན་པ། པར་ལེན་མཁན་བཀྲ་ཤིས་དོན་གྲུབ་སོགས། 关键词 >>




