དཀར་མཛེས་ཀྱི་ཕོ་གསར་འདིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།
| 2025-11-12 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
དཀར་མཛེས་ཀྱི་ཕོ་གསར་ཏེང་ཀྲི་ཝེ་ཡིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་བླངས་ཤིང་། འདི་ནི་སི་ཁྲོན་ལུས་རྩལ་སྐུ་ཚབ་ཚོགས་པས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཚན་ཁྲོད་བླངས་པའི་གསེར་གྱི་རྟགས་མ་གསུམ་པ་དེ་རེད།
ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མི་རྐྱང་གྲུ་ཁེམ་གཉིས་ཅན་གྱི་མཇུག་འགྲན་དེ་ཀོང་ཏུང་རྒྱལ་སྤྱིའི་གྲུ་གཏོང་ལྟེ་གནས་སུ་སྤེལ་བ་དང་། དཀར་མཛེས་ནས་ཡོང་བའི་ཉིང་སྟོང་ལོའི་རྗེས་ནས་སྐྱེས་པའི་འགྲན་ཞུགས་པ་ཏེང་ཀྲི་ཝེ་ཡིས་སྐར་མ་བཞི་དང་སྐར་ཆ་ང་དགུ་ཚེག་གཅིག་བདུན་གྱི་གྲུབ་འབྲས་ཐོབ་ནས་གསེར་གྱི་རྟགས་མ་བླངས་ཡོད། འདི་ནི་ཁོང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བླངས་པའི་ཨང་དང་པོ་ཐོག་མ་ཡིན་པ་མ་ཟད། དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གསེར་གྱི་རྟགས་མ་ལེན་མ་མྱོང་བའི་ལོ་རྒྱུས་མཇུག་བསྒྲིལ་བ་མཚོན་ཡོད། 




