འཇར་པན་གྱིས་ཨུ་རུ་སུར་བཀག་སྡོམ་བྱས་རྗེས་ཨུ་རུ་སུས་འཇར་པན་གྱི་སྤྱི་དམངས་༣༠ཨུ་རུ་སུར་ཡོང་དུ་མི་བཅུག་པའི་འཁོན་ལན་བསློགས་པ་རེད།
| 2025-11-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ས་གནས་དེ་གའི་དུས་ཚོད་ཚེས་༡༡ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་སྤྱི་བསྒྲགས་བཏང་ནས་འཇར་པན་གྱི་དབང་འཛིན་ལས་ཁུངས་ཀྱིས་དམིགས་བསལ་དམག་དོན་བྱ་སྤྱོད་ལ་བརྟེན་ནས་ཨུ་རུ་སུར་བཀག་སྡོམ་བྱས་པར་འཁོན་ལན་སློག་ཆེད། ཨུ་རུ་སུས་དུས་བཀག་མེད་པར་འཇར་པན་གྱི་སྤྱི་དམངས་༣༠མངའ་ཁོངས་སུ་ཡོང་མི་ཆོག་པའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མངའ་ཁོངས་སུ་ཡོང་མི་ཆོག་པའི་མི་མང་ཆེ་ཤོས་ནི་འཕྲིན་སྦྱོར་དང་སློབ་གསོའི་ལས་རིགས་ཀྱི་ལས་གཉེར་མི་སྣ་ཡིན་པ་རེད།
关键词 >>




