英文藏文APP W020161009565839193236.jpg | 微信 111111111.jpg

བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་ཉེ།

2023-07-06 来源:ཤམ་བྷ་ལ་ཆ་འཕྲིན། 作者: 分享:

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་གིས་ས་ཆེན་དགྱེས་གླུ་ཞེས་པའི་༢༠༢༣ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་ཉེ།

  ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ནས་བཅུ་དྲུག་ཉིན་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་གིས་ས་ཆེན་དགྱེས་གླུ་ཞེས་པའི་༢༠༢༣ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་རྒྱུ་རེད།

  ས་ཆེན་དགྱེས་གླུ་ཞེས་པའི་༢༠༢༣ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོས་འོང་སྐོར་དུས་ཆེན་གྱི་རིག་གནས་ནང་སྙིང་གཞིར་བཟུང་ནས། བྲག་འགོའི་རང་བྱུང་མཛེས་ལྗོངས་དང་ངོ་མཚར་བའི་མི་ཆོས་རིག་གནས། བྲག་འགོའི་དམངས་སྲོལ་རིག་གནས་བརྗོད་དོན་གཙོར་བྱས་པའི་མུ་འབྲེལ་བྱེད་སྒོ་སྤེལ་ཏེ། ཕྱོགས་སོ་སོ་དང་རྣམ་པ་མི་འདྲ་བའི་སྒོས་ནས་བྲག་འགོའི་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་དང་རང་བྱུང་མཛེས་ལྗོངས་ངོམ་རྒྱུ་རེད།

  བྱེད་སྒོའི་སྐབས་སུ། བྲག་འགོ་རྫོང་གིས་ལ་གླུ་སྙན་མོ་ཏང་ལ་འབུལ་ཞེས་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་བྲག་འགོའི་ས་ཆེན་དགྱེས་གླུ་ཞེས་པའི་བྲག་འགོའི་ལ་གླུ་འགྲན་བསྡུར།  ལ་གླུ་རོལ་དབྱངས་དུས་སྟོན་གྱི་བྱ་དགའ་གནང་བའི་མཛད་སྒོ་དང་མཇུག་བསྡུའི་མཛད་སྒོ། ཤེལ་ཆུའི་གྲོང་འགོ--བྲག་འགོ་ནམ་མཁའ་རྒྱན་གྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་སྐབས་དང་པོ། ས་ཆེན་དགྱེས་གླུ། ཚོན་བཀྲའི་བྲག་འགོའི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམ་སྟོན། གཙང་སྟོད་སྨད་མེ་ཏོག་ཐང་གི་རྟ་རྒྱུག་དང་གཡག་རྒྱུགས་ཆེན་དགྱེས་གླུ། ཡིག་རིས་བྲག་འགོ་ཞེས་པའི་ཡིག་གཟུགས་འགྲེམ་སྟོན། བྲག་འགོ་རྫོང་ན་གཞོན་ལས་རིགས་གསར་གཏོད་གསར་འབྱེད་བགྲོ་གླེང་སྐབས་དང་པོ་སོགས་གནའ་ད་ཟུང་འབྲེལ་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་སྲོག་ཞུགས་པའི་བྱེད་སྒོ་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱས་ཡོད།  

  ཐེངས་འདིའི་བྱེད་སྒོར་རིག་གནས་དང་ཡུལ་སྐོར་སྤྲོ་འཆམ། འགྲེམ་སྟོན་འགྲེམ་འཚོང་། རིག་གནས་འདུ་ཚོགས་སོགས་ཁྱད་ཆོས་དུ་མ་གཞི་གཅིག་ཏུ་འདུས་པས། ངོ་མཚར་ལྟད་མོ་བགྲང་གིས་མི་ལང་ལ། རྒྱང་རིང་མགྲོན་པོས་གནས་འདིར་ཕེབས་ནས། བྲག་འགོའི་མཛེས་ལྗོངས་དང་ཟས་མཆོག འགྲེམ་སྟོན། འཁྲབ་སྟོན་སོགས་ཉམས་སུ་མྱོང་ནས། བྲག་འགོའི་དམངས་སྲོལ་རིག་གནས་ཀྱི་སྟོན་མོ་གྱ་ནོམ་པ་ལོངས་སུ་སྤྱད་ཆོག

  བྱེད་སྒོ་མི་འདྲ་བ་བཅུ་བཞིའི་ནང་། བྲག་འགོའི་ལ་གླུ་དང་བྲག་འགོའི་ཐང་ག  རྟ་དང་གཡག་རྒྱུག སྐོར་བྲོ་སོགས་ས་གནས་དམངས་སྲོལ་རིག་གནས་མང་པོ་ཡོད་ལ། དེ་མིན་ད་རུང་རླངས་འཁོར་བྱེས་བགྲོད་འགན་བསྡུར་དང་རོལ་དབྱངས་མཚན་ཚོགས་སོགས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་བཀོད་སྒྲིག་བྱས་ཡོད་པར་མ་ཟད།   ནས་འབྲུ་ཐོན་ལས་སྤུས་མཐོའི་འཕེལ་རྒྱས་གླེང་སྟེགས་དང་ན་གཞོན་ལས་གཏོད་གླེང་སྟེགས། སྐྱེ་ལྡན་སྐྱེ་ཁམས་ཞིང་ལས་འགྲེམ་སྟོན། ཡུལ་སྐོར་མཉམ་འབྲེལ་ཆིངས་འཇོག་མཛད་སྒོ། གཟུགས་མེད་རིག་གནས་ཤུལ་བཞག་བཅར་འདྲི་སོགས་རྣམ་གྲངས་མང་པོ་སྤེལ་ནས། བྲག་འགོ་རྫོང་གི་རིག་གནས་དང་ཞིང་ལས། ཡུལ་སྐོར་མཉམ་འདྲེས་སྤུས་མཐོའི་འཕེལ་རྒྱས་སྔར་ལས་རམ་འདེགས་བྱ་རྒྱུ་རེད།

  རྒྱུས་ལོན་བྱུང་བ་ལྟར་ན། ས་ཆེན་དགྱེས་གླུ་ཞེས་པའི་༢༠༢༣ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་ནི་ཀྲུང་གུང་བྲག་འགོ་རྫོང་ཨུ་དང་བྲག་འགོ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ངོམ་པའི་འདུ་ཤེས་གཞིར་བཟུང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། བྲག་འགོའི་རྫོང་སྟུག་པའི་རིག་གནས་སྔོག་འདོན་གང་ལེགས་བྱེད་པ། བྲག་འགོའི་དམངས་སྲོལ་རིག་གནས་ཀྱི་ནང་སྙིང་ཕྱི་ལ་བསྒྲགས་ནས། བྲག་འགོ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ལས་དང་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་ངོམས་ནས།བྲག་འགོའི་མཚན་སྙན་གྲགས་རྒྱས་ཤིང་། རིག་གནས་ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་འདི་མང་ཚོགས་དགའ་འཛོམས་དུས་སྟོན་དང་ཡུལ་སྐོར་བའི་འདུ་ཚོགས་ཤིག་ཏུ་བསྐྲུན་རྒྱུ་ཡིན་པས། དབྱར་ཟླ་བདུན་པར་ང་ཚོ་བྲག་འགོར་འཛོམས་ནས། དབྱིག་འཛིན་སྒེག་མོའི་ཕང་བ་ནས་གླུ་གར་རྩེད་འཇོ་རོལ་ཆོག ། 

གསར་འགོད་པ།  ལྷ་མོ་བཀྲ་ཤིས།

རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།

ཞུ་དག པ་སངས་རྡོ་རྗེ།

གཙོ་སྒྲིག་པ། ཡོན་ཏན།

ལྟ་སྐུལ་པ། འཆི་མེད་དབང་མོ།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942