ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བརྒྱུད་གཏོང་ལས་ཀ་ཡོངས་སུ་སྤེལ་མགོ་ཚུགས།
| 2023-07-20 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བརྒྱུད་གཏོང་ལས་ཀ་ཡོངས་སུ་སྤེལ་མགོ་ཚུགས།
ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བརྒྱུད་གཏོང་ལས་ཁུངས་དང་འཕྲིན་སྦྱོར་ཀུན་འདུས་དམིགས་བསལ་དབང་ཆ་ཡོད་པའི་བརྒྱུད་གཏོང་མཁན་ཡིན་པའི་ཆ་ནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་བརྒྱུད་གཏོང་ལས་ཀ་ཁག་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་ཡོད། སྐབས་འདིའི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་བསྡོམས་པས་སྤེལ་གཏོང་ཚོགས་པ་བཞི་བརྒྱ་རེ་ལྔ་དང་། མི་ཉིས་སྟོང་ལྷག་ལས་གྲུབ་པའི་བརྒྱུད་གཏོང་ལས་ཁུངས་ཞབས་ཞུ་ཚོགས་པ་ཁྲེང་ཏུའུ་རུ་མངགས་ནས་བརྒྱུད་གཏོང་ལས་ཀ་སྤེལ་ཞིང་། ལོ་རྒྱུས་ཐོག་ཐེངས་དང་པོར་དྭངས་གསལ་གྱི་ཚད་གཞིའི་ཐོག་ནས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཆ་འཕྲིན་སྒྲིག་བཟོ་བྱེད་པར་མ་ཟད། སླེ་གྲུག་དང་མཆོང་རྒྱུག་འཕེན་ གསུམ་འགྲན་ཚན་ཁྲོད་རབ་གསལ་སྤྱི་སྤྱོད་བརྡ་འཕྲིན་སྤྱོད་རྒྱུ་རེད། དེ་མིན་ད་རུང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་དྲ་བ་དང་རང་མོས་ཟུར་ངོས་སོགས་ལག་རྩལ་རྩེ་གྲ་སྤྱད་ནས། འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བརྒྱུད་གཏོང་ཡང་དག་ཐུབ་རྒྱུ་རེད།




