ཉིང་ཀྲུང་ཡན་གྱིས་བར་ཐག་ཐུང་བའི་མྱུར་འགྲན་འཁྱག་ཤུད་ཀྱི་ཀུན་ཐུབ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཨང་དང་པོ་ཐོག་མར་བླངས་པ།
| 2024-03-13 来源:མི་དམངས་ཉིན་རེའི་ཚགས་པར། | 分享: |
འདི་ནི་ཟླ་3ཚེས་8ཉིན་ཉིང་ཀྲུང་ཡན་གྱིས་བྱ་དགའ་ལེན་བཞིན་པ།
འདི་ནི་ཉིང་ཀྲུང་ཡན་གྱིས་སྐྱེས་པའི་སྨི་500ཡི་འགྲན་བསྡུར་ཐེངས་གཉིས་པར་སྐར་ཆ་34དང་གྲངས་ཆུང་47གྱི་གྲུབ་འབྲས་ཐོག་ནས་འདྲ་གཤིབ་ཨང་གཉིས་པ་བླངས་པ་དང་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།
ཉེ་དུས་འཇར་མན་དབྱིན་ཚར་དུ་2024ལོའི་རྒྱལ་སྤྱིའི་འཁྱག་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བར་ཐག་ཐུང་བའི་མྱུར་འགྲན་འཁྱག་ཤུད་ཀྱི་ཀུན་ཐུབ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བར་ཐག་ཐུང་བའི་རྣམ་གྲངས་ཀྱི་འགྲན་བསྡུར་ཐེངས་གཉིས་པ་བྱས་པ་དང་། ཀྲུང་གོའི་བདམས་ཐོན་པ་ཉིང་ཀྲུང་ཡན་གྱིས་སྐྱེས་པའི་སྨི་1000གི་རྣམ་གྲངས་ལ་བསྟུད་མར་ཨང་དང་པོ་བླངས་པ་དང་འབྲེལ་འགྲན་བསྡུར་བྱ་ཡུལ་གྱི་ཟིན་ཐོ་གསར་པ་བཏོད་ནས་བར་ཐག་ཐུང་བའི་ཀུན་ཐུབ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོག་མར་བླངས་པ་རེད།




