ཕུའུ་ཅིང་གིས་ཨ་རིའི་ཆེད་མངག་ཕོ་ཉ་དང་ཐུག་འཕྲད་བྱས་པའི་ཉིན་དེར་མོ་སི་ཁོ་ལ་འཇབ་རྒོལ་ཐེབས།
| 2025-04-27 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་25ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོ་ཡི་ཁེ་ལིན་མུའུ་ལིན་ཕོ་བྲང་དུ་ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝུའེ་ཐེ་ཁོ་ཧྥུའུ་དང་ཐུག་འཕྲད་བྱས་ཏེ་ཡུག་རེན་གྱི་གནད་དོན་སོགས་ཐད་ནས་གྲོས་མོལ་བྱས།
ཉིན་དེར་ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་དམག་འཐབ་ཅུས་ཀྱི་འགོ་འཛིན་གཞོན་པ་མོ་སི་ཁ་ལི་ཁེ་ནི་མོ་སི་ཁུ་ཀྲོའུ་ཡི་པ་ལ་ཞི་ཧ་གྲོང་ཁྱེར་གྱི་རླངས་འཁོར་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད།
ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་མོ་སི་ཁ་ལི་ཁེ་ལ་དམིགས་པའི་ལྐོག་གསོད་ནི་འཇིགས་སྐུལ་འཇབ་རྒོལ་ཞིག་ཡིན་པ་བསྟན།
关键词 >>




