རྒྱ་གར་དུ་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི་ཉིས་བརྒྱ་ལྷག་གྲོངས་འདུག
| 2025-06-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་བཅུ་གཉིས་ཉིན་པོ་དབྱིན་༧༨༧འགྲུལ་སྐྱེལ་གནམ་གྲུ་ཞིག་རྒྱ་གར་ཀུའུ་ཅི་ལ་ཐེ་པང་ཨའེ་ཧ་མའེ་ཏ་པ་ཏེ་གནམ་ཐང་དུ་ལྷུང་བ་དང་། གནམ་གྲུའི་ཐོག་མི་༢༤༢བསྡད་ཡོད་པ་རེད། རྒྱ་གར་མཁའ་འགྲུལ་གྱི་བདེན་དཔང་བྱས་པ་ལྟར་ན། གནམ་གྲུའི་དོན་རྐྱེན་ལས་གནམ་གྲུའི་ཐོག་གི་མི་༢༤༡རྐྱེན་ལམ་དུ་ཤོར་བ་དང་། མི་༡གསོན་འདུག།
གཞན་ཡང་པེ་ཅིན་གྱི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་ཐོ་རེངས་ལ། རྒྱ་གར་དམངས་སྤྱོད་མཁའ་འགྲུལ་པུའུ་ཡིས་ད་ཐེངས་ཀྱི་དོན་རྐྱེན་བྱུང་གནས་ཀྱི་འཚོལ་སྐྱོབ་བྱ་སྤྱོད་མཇུག་བསྒྲིལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། གནམ་གྲུའི་ཐོག་གི་མི་སྣ་ཕུད། དོན་རྐྱེན་དེ་ཡིས་ད་དུང་ས་ངོས་ཀྱི་མི་སྣ་ཤི་རྨས་བཟོས་ཡོད། ཀུའུ་ཅི་ལ་ཐེ་པང་གི་འཕྲོད་བསྟེན་སྡེ་ཚན་གྱི་དཔོན་རིགས་ཀྱིས་དོན་རྐྱེན་བྱུང་རྗེས་ཉུང་མཐར་ཡང་ས་ངོས་ཀྱི་མི་སྣ་༥༠སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བཤད། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ནང་ཉུང་མཐར་ཡང་མི་༢༦༥རྐྱེན་ལམ་དུ་ཤོར་ཡོད་པ་རེད།




