རང་རྒྱལ་གྱི་ས་ཆ་མང་པོར་སྣེ་འོད་འཆར་རྒྱུ་རེད།
| 2025-11-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཀྲུང་གོ་གནམ་གཤིས་ཅུས་ཀྱི་རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་སྔོན་བརྡ་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་11ཚེས་11ཉིན་ནས་ཚེས་12ཉིན་བར་དྲག་ཚད་འབྲིང་ཙམ་གྱི་སའི་ཁབ་ལེན་འབར་གས་བྱེད་སྒོ་ཐོན་སྲིད། དེའི་ཤུགས་རྐྱེན་ཐེབས་པས། རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དཔེར་ན། ཧེ་ལུང་ཅང་གི་མོ་ཧོ་དང་། ཤིན་ཅང་། ནང་སོག་སོགས་སུ་དེ་རིང་དགོང་མོ་ནས་སང་ཉིན་ཐོ་རེངས་བར་སྣེ་འོད་འབྱུང་སྲིད། སྣེ་འོད་འཆར་ཚད་ནི་སྔོན་དཔག་བྱས་ན་དམར་འོད་ཞན་པའི་སྣེ་འོད་གཙོ་བོ་ཡིན་པ་དང་། དམར་ལྗང་འདུས་མའི་སྣེ་འོད་ཕྲན་བུའང་འབྱུང་སྲིད། གཟིགས་སྣང་སྤྲོ་བའི་སྤྱི་དམངས་ཀྱིས་གནམ་གཤིས་དྭངས་དུས་དང་འོད་ཀྱི་སྦགས་བཙོག་ཅུང་ཉུང་བའི་ས་ཁོངས་སུ་མཚན་མོའི་མཁའ་དབྱིངས་ལ་དོ་སྣང་བྱས་ཏེ་འདུག་ན་མྱོང་རོལ་ཐུབ་བོ།
关键词 >>




