འཇར་པན་གྱི་དམག་དོན་གྲ་སྒྲིག་གནས་ཚུལ་གསལ་རྗེན་དུ་བཏང་།
| 2025-12-03 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་༢ཉིན་ཀྲུང་དབྱང་བརྙན་འཕྲིན་དྲ་བས་གསར་འགྱུར་སྤེལ་བར་གཞིགས་ན། འཇར་པན་གྱི་དམག་དོན་གྲ་སྒྲིག་གནས་ཚུལ་གསལ་རྗེན་དུ་བཏང་ཡོད།
འཇར་པན་གྱིས་འགོག་སྲུང་འགྲོ་གྲོན་ཁག་གཅིག་བདེ་འཇགས་དང་མཉེན་ཆས་ཟེར་བའི་འཛུགས་སྐྱོང་ཐད་གཏོང་རྒྱུ་དང་། དེ་དག་ནི་ཀུན་ནུས་ཁྲག་ཁུ་ཞིབ་འཇུག་གསར་སྤེལ་དང་། བཟུང་དམག་ཐག་གཅོད་ཟེར་བའི་དམག་འཁྲུག་སྐབས་ཀྱི་བཅའ་ཁྲིམས་བཟོ་བ་ཞིབ་ཕྲ་ཅན་དུ་བསྒྱུར་བ། དམངས་སྤྱོད་གྲུ་ཁ་དེ་དམག་དམངས་གཉིས་སྤྱོད་དུ་བསྒྱུར་བ་སོགས་འདུས་པ་རེད།
རྒྱལ་སྤྱིའི་གནད་དོན་ཕྱོགས་ཀྱི་ཆེད་མཁས་པ་ལུའུ་ཧའོ་ཡིས་དོན་དངོས་ལ་འཇར་པན་གྱི་དམག་དོན་གྲ་སྒྲིག་གཏིང་ཟབ་ཅན་དང་དངོས་འཐབ་ཅན་དུ་སྒྱུར་བཞིན་ཡོད། འདི་ནི་དངོས་སུ་ཐའེ་ཝན་མཚོ་འགག་ལ་དོན་དག་ཡོད་པ་ཟེར་བ་དེ་དུས་དང་རྣམ་པ་ཀུན་ཏུ་འབྱུང་ཤས་ཆེ་བའི་དོན་དག་ཞིག་ཏུ་བརྩིས་ནས་གྲ་སྒྲིག་ཞིབ་ཚགས་བྱེད་བཞིན་འདུག་ཅེས་བཤད་པ་རེད།




