རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་10ཡིས་བརྡ་ཐོ་བཏང་ནས་2022ལོའི་དྲུག་གཅིག་གི་རྟེན་འབྲེལ་བྱེད་སྒོ་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ།
ཉེ་ཆར། གསར་འགོད་པས་ཤེ་རྟོགས་བྱུང་གསལ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་སོགས་སྡེ་ཚན་10ཡིས་མཉམ་དུ་བརྡ་ཐོ་བཏང་ནས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ལ་ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བྱིས་པ་ཚོས་དགའ་པོ་བྱེད་པའི་སྐད་ཡིག་དང་། རྣམ་པ། གཞི་རྟེན་བཅས་སྤྱད་དེ་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱ་ཆེའི་བྱིས་པ་ཚོར་བདེ་ཐང་དང་། སྤྲོ་སྣང་། དོན་སྙིང་ལྡན་པ་བཅས་ཀྱི་དུས་ཆེན་ཞིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། བརྡ་ཐོའི་ནང་། ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་དང་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་གི་བཅའ་ཁྲིམས་སོགས་དྲིལ་བསྒྲགས་ལག་བསྟར་ཧུར་ཐག་བྱས་ནས་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་དང་། ཆེད་དོན་བཅར་གླེང་། འགུལ་རིས་བརྙན་ལམ་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་ཡོད་བཅའ་ཁྲིམས་ཁྱིམ་ཚང་དུ་ཁྱབ་གདལ་གཏོང་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་ཁྲིད། གྱོད་དཔེ་དབྱེ་ཞིབ་སོགས་སྒྲིག་འཛུགས་བྱས་ནས་རྒྱ་ཆེའི་ཁྱིམ་ཚང་ལ་ཁྲིམས་ཤེས་ཁྲིམས་སྲུང་བྱེད་དུ་འཇུག་པ་དང་། བྱིས་པའི་བསམ་བློ་བཟང་པོ་དང་། སྤྱོད་ལམ་བཟང་པོ། གོམས་སྲོལ་བཟང་པོ་བཅས་གསོ་སྐྱོང་བྱེད་དུ་བཅུག་ནས་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།







