ཨ་རིའི་ས་ཆ་འདིར་མེ་སྐྱོན་ཚབས་ཆེན་བྱུང་ནས་གྱོང་གུན་ཆེན་པོ་བཟོས།
| 2025-01-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་ལྷོ་རྒྱུད་ལའོ་ཧྲན་ཅི་ས་ཁུལ་དུ་མེ་སྐྱོན་ཆེན་པོ་བྱུང་ཞིང་། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་བར་ཉུང་མཐར་ཡང་མི་ལྔ་རྐྱེན་ལ་དུ་ཤོར་ཡོད་ལ། ཁང་པ་ཆིག་སྟོང་ཆིག་བརྒྱ་ལྷག་འཚིག་འདུག ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཚེས་བརྒྱད་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས། ཙུང་ཐུང་པའེ་ཏུན་གྱིས་ཚེས་དགུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཨི་ཐ་ལི་ལ་འཚམས་འདྲི་འགྲོ་རྒྱུའི་འཆར་གཞི་མེད་པར་བཟོས་ནས། མུ་མཐུད་དུ་བློ་རྩེ་གཅིག་སྒྲིམ་གྱིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་མཛུབ་སྟོན་བྱས་ཏེ་ཅ་ལི་ཧྥུའུ་ཉི་ཡའི་མེ་སྐྱོན་མེ་གསོད་ལས་ཀ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།




ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
ཀྲུང་དབྱང་བརྙན་འཕྲིན་དྲ་བ།
ཀྲུང་གོའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




