ཐེ་རོན་ཕུའུ་ཡིས་ཝན་སི་ངའི་རྒྱུན་འཛིན་མཁན་ལ་འགྱུར་ཤས་ཆེ་ཞེས་བཤད།
| 2025-08-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ས་གནས་དེ་གའི་དུས་ཚོད་ཟླ་བ་བརྒྱད་པའི་ཚེས་ལྔ་ཉིན་ལ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཙུང་ཐུང་གཞོན་པ་ཝན་སི་ཁོའི་ལས་རྒྱུན་འཛིན་མཁན་ལ་གྱུར་ནས ༢༠༢༨ ལོའི་སྤྱི་མཐུན་ཏང་གི་ཙུང་ཐུང་གི་གདམ་བྱའི་འོས་མི་ལ་འགྱུར་ཤས་ཆེ་ཞེས་བཤད། འདི་ནི་ཐེ་རོན་ཕུའུ་ཡིས་ད་ལྟའི་བར་དུ་ཝན་སི་མ་འོངས་པའི་ཙུང་ཐུང་གི་གདམ་བྱའི་འོས་མིར་འགྱུར་བའི་བརྡ་གསལ་པོར་བསྟན་པ་ཐེངས་ཤིག་རེད
ཝན་སི་ནི་ཁོས་སྣེ་ཁྲིད་པའི་ཆབ་སྲིད་ལས་འགུལ་གྱི་རྒྱུན་འཛིན་མཁན་ཡིན་མིན་འདྲི་དུས། ཐེ་རོན་ཕུའུ་ཡིས་རེད་ལགས། ངས་བསམ་ན་ཡིན་ཤས་ཆེ། དྲང་མོར་བཤད་ན། ཁོ་རང་ཙུང་ཐུང་གཞོན་པ་རེད་ཅེས་བཤད། ཐེ་རོན་ཕུའུ་ཡིས་ད་རུང་ཝན་སི་དང་རྒྱལ་དོན་འགོ་འཛིན་ལུའུ་པིས་ཨོ་གཉིས་ཀྱིས་མ་འོངས་པར་ཆ་སྒྲིག་ནས་འགྲན་འདེམས་ནང་དུ་ཞུགས་པའི་གྲོས་འགོ་བཏོན།
ལུའུ་ཐུའུ་ཚགས་པར་ཁང་གིས་དེའི་ཐད་དུ། ༢༠༢༨ ལོའི་འགྲན་འདེམས་ཆེན་མོ་ལ་ད་རུང་ལོ་ཁ་ཤས་ཡོད་རུང་། ཐེ་རོན་ཕུའུ་ལ་སྤྱི་མཐུན་ཏང་གི་གཞི་རིམ་འདེམས་དམངས་ཁྲོད་དུ་སྙན་གྲགས་ཆེན་པོ་ཡོད་པས། ཁོས་གདམ་བྱའི་འོས་མི་སུར་རྒྱབ་སྐྱོར་བྱས་ཚེ་དེ་ལ་ཕན་ཆེན་པོ་ཐོགས་ཤས་ཆེ་ཞེས་བཤད།




