ཉེན་ལྡན་དངོས་རྫས་སྐྱེལ་བའི་གྲུ་གཟིངས་ཤིག་མཚོ་ནང་དུ་ནུབ།
| 2025-05-26 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན། ཧྥ་རན་སེའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་རྒྱ་གར་མཚོ་དམག་གིས་ལི་པེ་རི་ཡའི་རྒྱལ་དར་བཀལ་ནས་ཉེན་ལྡན་དངོས་རྫས་སྐྱེལ་བའི་དོས་སྒམ་གྲུ་གཟིངས་ཤིག་རྒྱ་གར་ལྷོ་རྒྱུད་ཁཱ་ལ་ལ་པང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ནུབ་པ་དང་གྲུ་གཟིངས་ནང་གྲུ་པ་ཉེར་བཞི་ཡོད་པ་རྣམས་ཚང་མ་སྐྱོབ་ཐུབ་ཡོད་ཟེར། 
རྒྱ་གར་མཚོ་དམག་གིས་བཤད་རྒྱུར་མིང་ལ་༼MSC ELSA 3༽ཞེས་པའི་ཟོང་འདྲེན་གྲུ་གཟིངས་དེའི་རིང་ཚད་སྨི་༡༨༤ཡིན་པ་དང་རྒྱ་གར་གྱི་ཝེ་ཅིན་ཅ་མུའུ་གྲུ་ཁ་ནས་ཁོ་ཆིན་དུ་སྐྱོད་བཞིན་ཡོད་ཀྱང་། ཚེས་༢༤ཉིན་དོན་རྐྱེན་བྱུང་ནས་སྐྱོབ་རོགས་དགོས་པའི་བརྡ་རྟགས་བཏང་རྗེས། རྒྱ་གར་མཚོ་དམག་གི་གནམ་གྲུ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་པ་ཡིན་ཟེར།
རྒྱ་གར་རྒྱལ་སྲུང་པུའུ་ཡི་གསལ་བསྒྲགས་ཤིག་གི་ནང་གྲུ་གཟིངས་ནུབ་སྐབས་གྲུ་གཟིངས་ཐོག་དོས་སྒམ་༦༤༠འཁུར་ཡོད་ལ། དེ་དག་ཁྲོད་ཀྱི་དོས་སྒམ་༡༣ནང་ལ་ཉེན་ལྡན་དངོས་རྫས་བཅུག་ཡོད་པ་དང་དོས་སྒམ༡༢ནང་གློག་རྡོ་བཅུག་ཡོད་པ་རེད། རྒྱ་གར་གྱི་རྒྱལ་སྲུང་པུས་དོས་སྒམ་ནང་ཉེན་ལྡན་དངོས་རྫས་གང་འདྲ་ཞིག་བཅུག་ཡོད་པ་གསལ་བཤད་ཞིབ་ཕྲ་བྱས་མེད་པར་བསྟན།
རྒྱ་གར་མཚོ་དམག་གིས་ཁཱ་ལ་ལ་པང་མཚོ་འགྲམ་གྱི་རྒྱ་མཚོའི་སྐྱེ་ཁམས་མ་ལག་ཆགས་ལུགས་ལ་གཞིགས་ནས་རྒྱ་གར་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་རིམ་པ་མཐོ་ཤོས་ཀྱི་སྦགས་བཙོག་འགོག་པའི་འཕྲལ་སྡོམ་ལག་བསྟར་སྤེལ་ཡོད་ཅེས་བཤད་འདུག




