༄༅། ། བྱིས་པའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ།
| 2025-06-01 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རྒྱལ་སྤྱིའི་བྱིས་པའི་དུས་ཆེན།
བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན་པས། བྱིས་པ་ཀུན་ལ་ཁྱིམ་ཚང་དང་སྤྱི་ཚོགས། སློབ་སྦྱོང་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ནས། ཁོ་ཚོ་བདེ་ཐང་དང་དགའ་དགའ་སྤྲོ་སྤྲོའི་ངང་འཚར་ལོངས་ཡོང་དུ་འཇུག་པ་ནི་དུས་ནམ་ཡང་འཛམ་གླིང་རྒྱལ་ཁབ་སོ་སོས་འབད་པ་བྱེད་པའི་དམིགས་འབེན་ཡིན་ལ། ལོ་རེའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་ཆེད་དུ་བྱིས་པ་ཚོར་དབང་བའི་དུས་ཆེན་ཞིག་ཡིན་པས། འདི་ནས་ས་སྟེང་ན་ཆེས་མཛེས་སྡུག་ལྡན་ཞིང་། འཇིག་རྟེན་ན་ཆེས་ཡི་གར་འོང་བའི་གནམ་འོག་གི་བྱིས་པ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུ། 
༦.༡ བྱིས་པའི་དུས་ཆེན་གྱི་བྱུང་རབས།
ཆིག་སྟོང་དགུ་བརྒྱ་ཞེ་གཉིས་ལོའི་ཟླ་བ་དྲུག་པའི་ཚེས་བཅུ་ཉིན་གྱི་ལི་ཏིས་ཚི་ཡ་ངའི་དོན་རྐྱེན་དང་འཛམ་བུ་གླིང་གི་དམག་འཁྲུག་ཡོད་ཚད་ནང་རྐྱེན་ལམ་དུ་ཤོར་བའི་བྱིས་པར་དྲན་གསོ་དང་། བྱིས་པར་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ། བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཆེད། ལོ་རེའི་ཟླ་བ་དྲུག་པའི་ཚེས་གཅིག་ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད། 
དེ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བྱིས་པའི་འཚོ་གནས་དབང་ཆ་དང་བདེ་སྲུང་དབང་ཆ། སློབ་གསོ་ཐོབ་པའི་དབང་ཆ། གསོ་སྐྱོང་དབང་ཆ་བཅས་འགན་སྲུང་བྱས་ནས། བྱིས་པའི་འཚོ་བ་ཇེ་ལེགས་གཏོང་བ་དང་། བྱིས་པ་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ། བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན་པས། འཛམ་གླིང་ཐོག་རྒྱལ་ཁབ་མང་པོས་ཟླ་བ་དྲུག་པའི་ཚེས་གཅིག་ཉིན་དེ་བྱིས་པའི་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད།
བྱིས་པའི་དུས་ཆེན་གྱི་དོན་སྙིང་།
འཛམ་བུ་གླིང་གི་བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཆེད། ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོའི་ཟླ་བ་བཅུ་གཅིག་པར། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སི་ཁོ་རུ་ལག་བསྟར་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ནས། ལོ་རེའི་ཟླ་བ་དྲུག་པའི་ཚེག་གཅིག་ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་ཁེལ་བྱས།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྲིད་དོན་ཁང་གིས་ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ལ། ཀྲུང་གོའི་བྱིས་པའི་དུས་ཆེན་དང་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གཉིས་གཅིག་གྱུར་བྱས་པ་རེད།
དྲུག་གཅིག་བྱིས་པའི་དུས་ཆེན་ལ་བྱིས་པ་རྣམས་
སེམས་སྤྲོ་སྤྲོ་ཡོང་བ་དང་།
ལུས་བདེ་བདེ་ཡོང་བ།
བློ་གྲུང་གྲུང་ཡོང་བའི་
སྨོན་འདུན་ཞུ།




